e-texts navigator
Collection
Volume
Page
Wylie

45a1 འགྲུབ་བོ།། གལ་ཏེ་རྡོ་རྗེ་འཆང་ཆེན་པོ་དགུག་ན་བདེ་བ་ཆེན་པོ་རྡོ་རྗེ་ལྕགས་ཀྱུས་དགུག་ཅིང་ཅི་འདོད་པ་བསྒྲུབ་པར་བྱའོ།། ཟླ་བ་གཅིག་བཟླས་ནས་ཐམས་ཅད་གསོལ་བར་བྱའོ།།
45a2 གལ་ཏེ་རང་གི་ཕྱག་རྒྱས་བདག་ཉིད་འགྲུབ་ན་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བསྒོམས་པས་བདག་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་བསྒོམས་ལ་བསྒྲུབ་པར་བྱའོ།། དེ་ཇི་ལྟར་མངོན་པར་འདོད་པའི
45a3 བཟླས་པས་བདག་ཉིད་བསྒྲུབ་པར་བྱའོ།། ཡང་དང་ཡང་དུ་སྒོམ་ཞིང་བཟླས་པ་དེ་སྲིད་བདག་གིས་བྱའོ།། ཇི་སྲིད་རྡོ་རྗེ་འཆང་ཉིད་ཟླ་བ་ཕྱེད་བཟླས་ནས་ཐོབ་པར་འགྱུར་རོ།། དེ་ནས་འདོད་པ་ཐམས
45a4 ཅད་ཀྱི་དབང་ཕྱུག་བསྒྲུབ་པར་འདོད་ན། དེ་བཞིན་དུ་རང་ཡིད་དུ་འོང་བ་དང་བཅས་པར་རབ་ཏུ་ཞུགས་ཏེ་ཕྱག་རྒྱ་བཅིངས་ལ་དེ་སྲིད་བཟླས་པར་བྱའོ།། ཇི་སྲིད་བདག་འདོད་པ་རྣམས་ཀྱི་དབང་ཕྱུག་དང
45a5 ཁམས་གསུམ་པ་མ་ལུས་པའི་བདག་པོར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཁམས་གསུམ་པ་མ་ལུས་པའི་རྡོ་རྗེའི་རྒྱུན་གྱི་རང་བཞིན་ཐམས་ཅད་གྲུབ་པའི་ཆོས་ཉིད་ཀྱི་ཡེ་ཤེས
45a6 རྣམ་པར་རོལ་པར་མཛད་ནས་མ་བསྒྲུབས་པའི་ཕྱག་རྒྱའི་ལས་ཀྱི་རྒྱུན་རྡོ་རྗེའི་ཆོ་ག་རྒྱས་པ་འདི་གསུངས་སོ།། མ་བསྒྲུབས་པའི་སྙིང་པོའི་ལས་རྣམས་འདི་ལྟ་སྟེ། བདག་ཉིད་སྲུང་བ་ནི་བདེ་བ་ཆེན
45a7 པོའི་རྡོ་རྗེ་གསང་བའི་གཙུག་ཏོར་གྱིས་སོ།། ཐམས་ཅད་སྲུང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཛོད་སྤུས་སོ།། ཕྱོགས་ཐམས་ཅད་དང་། མཚམས་དང་། དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེནཔོ




iiif viewer powered by OpenSeadragon

44b - 45b

Texts on this page

Ty063-002 - dpal mchog dang po'i sngags kyi rtog pa'i dum bu zhes bya ba