| | e-texts navigator
|
43b1 ལན་དང་གར་དང་རྒོད་པ་བྱེད་དུ་བཅུག་ཅིང་རང་ཉིད་ཀྱིས་ཀྱང་བྱའོ།། དེ་ནས་ཐམས་ཅད་བསླད་ནས་འདི་སྐད་བརྗོད་པར་བྱ་སྟེ། ཐོག་མཐའ་རྒྱུ་ཡི་འགྲོ་བ་འདི།། དགའ་བས་མཆོག་ལ་རག་ལུས།
43b2 ཏེ། སེམས་དཔའ་ཆེན་པོ་རྡོ་རྗེར་འགྱུར།། སླར་ཡང་གཤེགས་པར་མཛད་དུ་གསོལ།། དྲི་ནས་སྙིམ་པའི་མེ་ཏོག་དོར་ནས་དབྱུང་བར་བྱའོ།། དཀྱིལ་འཁོར་ཡང་རང་ཉིད་ཀྱིས་ཕྱག་ལ་རྡུལ
43b3 ཚོན་དེ་དག་གི་རིལ་བུ་བྱས་ལ་བཞག་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བདུད་རྩིའི་ཚུལ་དེའང་བདྲུག་ན་ཚེ་འཕེལ་བ་ལ་སོགས་པའི་ལས་ཐམས
43b4 ཅད་དགོངས་པ་ཡིན་ནོ།། དེ་ཉིད་ཀྱིས་དབང་བསྐུར་ནའང་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དང་མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ།། གལ་ཏེ་སྐུ་བྲི་བའི་རི་མོ་མཁན་མ་རྙེད
43b5 ན་རང་རང་གི་ཕྱག་མཚན་གྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ།། གལ་ཏེ་དེའང་མི་ཤེས་ན་ཕྱག་མཚན་གཞག་པར་བྱའོ།། ཕྱག་རྒྱའི་ཆོ་ག་རྒྱས་པའོ།། ། དེ་ནས
43b6 བཅོམ་ལྡན་འདས་དོན་ཡོད་པ་ཐོགས་པ་མེད་པ་མྱུར་དུ་འགྲུབ་པའི་ཆོ་ག་རྒྱ་ཆེ་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣམ་པར་གནོན་པར་མཛད་ནས་རྡོ་རྗེ་འཆང་ཆེན
43b7 བོས་འདི་གསུངས་སོ།། བདེ་བ་ཆེན་པོ་རབ་བསྒྲུབས་དང་།། འདོད་པ་ཆེན་པོ་རྣམ་དག་ཕྱིར།། རྡོ་རྗེ་སེམས་དཔའ་འགྲུབ་པ་ནི།། རྟག་པར་མྱུར་དུ་བཤད་པར་བྱ།། ཇི་སྲིད་འཁོར་བའི་གནས
iiif viewer powered by OpenSeadragon
43a - 44a