| | e-texts navigator
|
43a1 བདེ་བ་རྣམ་དག་ཕྱིར།། སྔར་གྱི་སྲིད་པ་ལ་ཁྱོད་དགའ།། འདོད་པ་ཀུན་གྱི་དངོས་གྲུབ་ཆེ།། འགྲོ་བ་ཀུན་ལའང་འགྲུབ་པར་གྱིས།། དེ་ནས་མཆོད་པ་བྱས་ལ། རང་གི་ལྷག
43a2 པའི་ལྷ་གང་ཡིན་པ་དེའི་དམ་ཚིག་ཕྱག་རྒྱ་མེ་ཏོག་དང་བཅས་པ་གཞུག་པར་བྱ་སྟེ། བཅུག་ནས་རྣ་བར་འདི་སྐད་ཅེས་བརྗོད་པར་བྱའོ།། ཆགས་བྲལ་ཉིད་ཀྱིས་འདུལ་བར་གྱུར།། འདོད་ཆགས་ཆེན་པོ
43a3 བདེ་བ་ཆེ།། རྡོ་རྗེ་སེམས་དཔའ་སྦས་པ་ཡིན།། འདོད་ཆགས་བྲལ་བ་ལྟ་བུ་ཡི།། སྡུག་བསྔལ་གཞན་ནི་རང་བཞིན་མེད།། དེ་བས་སེམས་ཅན་ཆགས་བྲལ་ལ།། སླར་ཡང་ཡིད་ནི་མ་བྱེད།
43a4 ཅིག། དེ་ནས་མེ་ཏོག་ལ་སོགས་པ་སྙིང་པོ་འདིས་འདོར་དུ་གཞུག་གོ།། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་པྲ་ཏི་གྲྀཧཱ་ས་མ་ཡ་སྟྭཾ། དེ་ནས་གང་དུ་བབས་པ་དེ་ནི་དེའི་ལྷ་ཡིན་ནོ།། དེ་ནས་དེ་ཁོ་ན་ཉིད
43a5 ཆེན་པོར་བརྗོད་པར་བྱའོ།། གང་འདོད་པའི་སྙིང་པོ་བྱིན་ལ་སྒྲུབ་ཏུ་བཅུག་ལ་རང་ཉིད་ལྷག་པའི་ལྷ་དབང་བསྐུར་བས་དབང་བསྐུར་ནས་དེའི་མཚན་མ་ལག་པ་གཉིས་སུ་བྱིན་ཏེ། དེའི་རིགས་ཀྱི
43a6 མིང་གི་དབང་བསྐུར་ལ་སྙིང་པོ་འདིས་དབང་བསྐུར་བར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ཀོ&ཧཾ། བཛྲ་དྷ་ར་ས་མུ་ཁཾ་བྷ་ཨ་བྷི་ཁེ་ཏཱཾ། ཨ་བྷི་ཥིཉྩ་མི་གྲིཧྞ་སིདྡྷི་བཛྲ་ཏེ་ཨ་མོ་གྷ་སིདྡྷི་སྟྭཾ། དེ་ནས
43a7 ཕྱག་རྒྱ་བཅིངས་པ་བསླབ་པར་བྱའོ།། དེ་ནས་ཅི་འདོད་པའི་མཆོད་པ་བྱས་ཤིང་བྱེད་དུ་བཅུག་ནས་ཅི་འདོད་པ་བཟའ་བ་དང་བཏུང་བས་སློབ་མ་རྣམས་ཚིམ་པར་བྱས་ལ་ཕྱག་རྒྱ་དང་ཕྱག་རྒྱའི
iiif viewer powered by OpenSeadragon
42b - 43b