e-texts navigator
Collection
Volume
Page
Wylie

40b1 དམ་པ་སྟེ།། བདེ་བ་ཆེན་པོ་རྡོ་རྗེ་མཆོག། དམ་ཚིག་དམ་པའི་མིང་ཅན་ཡིན།། དཀྱིལ་འཁོར་གནས་ནི་འདུས་བྱས་ནས།། དེའི་དབུས་ཆོ་ག་བཞིན་དུ་ནི།། ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས།
40b2 དེར་ནི་དཀྱིལ་འཁོར་བསྒྲུབ་པར་བྱ།། གསར་ཞིང་ལེགས་པར་བསྒྲིལ་བ་དང་།། མདུད་པ་དག་ནི་མེད་པ་ཡིས།། ཐིག་སྐུད་དམར་པོས་ཐིག་བཏབ་ནས།། ཚོན་གྱི་ཕྱེ་མས་བྲི་བར་བྱ།། རྡུ
40b3 བཞི་པ་ལ་སྒོ་བཞི་པ།། སྒོ་ཁྱུད་བཞིས་ནི་མཛེས་པ་དང་།། ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར།། མཚམས་སུ་ལྷ་ཡི་བུ་མོས་མཛེས།། དཀྱིལ་འཁོར་གྱི་ནི་མཚམས་རྣམས་དང་།། སྒོ
40b4 དང་སྒོ་ཁྱུད་མཚམས་རྣམས་སུ།། ཟླ་བ་ཕྱེད་ལ་གནས་པ་ཡི།། རྡོ་རྗེ་རིན་ཆེན་འོད་ཟེར་འབར།། རླུང་གིས་བསྐྱོད་པའི་དྲིལ་བུ་མཆོག། བ་དན་སྣ་ཚོགས་མཛེས་པ་དང་།། མེ་ལོང་དྲ་བ་མེ
40b5 ཏོག་འཕྲེང་།། ལྡན་པའི་ཕྱི་རོལ་དཀྱིལ་འཁོར་བྲི།། དེ་ནི་ནང་དུ་འཁོར་ལོ་ནི།། དཀྱིལ་འཁོར་བརྒྱད་པ་དང་འདྲ་བ།། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བའི།། རྡོ་རྗེ་འཁོར་ལོ་ཡང་དག་བྲི
40b6 དབུས་ཆོ་ག་བཞིན་དུ་ནི།། རྡོ་རྗེ་སེམས་དཔའ་དགོད་པར་བྱ།། བླུགས་སམ་ཡང་ན་བྱས་པ་འམ།། བརྡུངས་སམ་ཡང་ན་བྲིས་པ་ཡིས།། བཞད་པ་དང་བཅས་ཟླ་བའི་འོད།། འབར་བའི་འོད་ཟེར་དམར་པོས
40b7 ཁྱབ། སངས་རྒྱས་འཕྲེང་བས་རྣམ་པར་མཛེས།། སྐུ་ལ་ཆེན་གྱིས་ཡང་དག་བྱུགས།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག། ས་མ་ཡ་སྟྭཾ་ཞེས་བརྗོད་ནས




iiif viewer powered by OpenSeadragon

40a - 41a

Texts on this page

Ty063-002 - dpal mchog dang po'i sngags kyi rtog pa'i dum bu zhes bya ba