e-texts navigator
Collection
Volume
Page
Wylie

36b1 རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས་རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས་ཆོས་ཐམས་ཅད་དུ་མ་ཉིད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར
36b2 ཐུག་པ་མེད་པ་ཉིད་པས་ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་ཡིན་ནོ།། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་།
36b3 རྗེད་པ་དང་གསྒོམ་པ་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐར་ཐུག་པ་མེད་པའི་མཐར་ཕྱིན་ཏེ་སྒྲིབ་པ་ཐམས་ཅད་ཟད་ནས། དེ་བཞིན་གཤེགས་པ་འམ་རྡོ་རྗེ་འཛིན་པར་མྱུར་དུ་འགྱུར
36b4 རོ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། ཆོས་ཀྱི་རྣམ་གྲངས་འདི་དོན་ཡོད་པ་དང་། ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ།།
36b5 སེམས་ཅན་ཆེན་པོ་ལེགས་སོ་ལེགས།། བདེ་བ་ཆེན་པོ་ལེགས་སོ་ལེགས།། ཟག་པ་ཆེན་པོ་ལེགས་སོ་ལེགས།། བློ་གྲོས་ཆེན་པོ་ལེགས་སོ་ལེགས།། ཆོ་ག་འདི་ནི་ལེགས་པར་སྨྲས།།
36b6 སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས།། འབྲས་བུ་ཡོད་པ་འདུལ་བའི་མཆོག། རྡོ་རྗེའི་མདོ་འདིའི་བྱིན་གྱི་རླབས།། ཆོ་གའི་རྒྱལ་པོ་བླ་ན་མེད།། གང་རྣམས་འདི་དག་འཛིན་པ་ནི།། བདུད་ལ་སོགས
36b7 པ་ཐམས་ཅད་ཀྱིས།། དེ་དག་མི་སོང་མི་ཚུགས་སོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ཕོས་གྲུབ་དམ་པ་ཐམས་ཅད་ཀྱང་།། སངས་རྒྱས་ཀུན་གྱིས་གསུངས་པ་བཞིན།། རིང་པོ




iiif viewer powered by OpenSeadragon

36a - 37a

Texts on this page

Ty063-001 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po