| | e-texts navigator
|
36a1 མ་དགོད་པ་གཞག་པར་བྱའོ།། དེ་ནས་སློབ་དཔོན་དྲིལ་བུ་དཀྲོལ་ཞིང་ལག་པ་གཡོན་པ་ཁ་ཊྭཱཾ་ག་དང་བཅས་པས་འཇུག་པར་བྱའོ།། ཞུགས་ནས་སྙིང་པོ་བཟླ་བར་བྱའོ།།
36a2 དེ་ནས་ཕྱག་དང་གར་གྱི་མཆོད་པ་བཏབ་པར་བྱའོ།། དེ་ནས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ།། ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། མཁའ་འགྲོ་མ་ལ་སོགས་པའི།།
36a3 གདོན་རྣམས་ཀྱིས་མི་ཚུགས་པ་དང་ཀའདི་ནི་ནོར་རྣམས་ཀྱང་བསྐྱེད་པར་འགྱུར་རོ།། ཇི་ལྟར་མངོན་པར་འདོད་པའི་ཐམས་ཅད་ཀྱིས་མཉེས་པར་བྱེད་པ་དང་། གཏེར་ཐམས་ཅད་འབྱིན་པ་དང་། དངོས
36a4 གྲུབ་ཐམས་ཅད་སྒྲུབ་ནུས་པར་འགྱུར་རོ།། སློབ་མ་གཞུག་པའང་དེ་བཞིན་ནོ།། དེ་རྣམས་ཀྱང་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ།། ལས་ཀྱི་དཀྱིལ་འཁོར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད
36a5 པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་རྟོག་པ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས
36a6 མུ་མེད་པས་མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པས་ཡང་ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབ་པའི་ཕྱིརཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཐར་ཐུག་པ་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས
36a7 བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་དོ།། ཤེས་རབ་ཀྱི་ཕ
iiif viewer powered by OpenSeadragon
35b - 36b