| | e-texts navigator
|
35b1 འགྲོ་བ་དེར་ནི་འགྲོ་བར་འགྱུར།། རྟག་ཏུ་དམ་པ་བསྟེན་པར་བྱ།། དམ་པ་མིན་པ་ཡོངས་སུ་སྤང་།། གཞན་ལ་དེ་ཉིད་བསྟན་མི་བྱ།། རྟག་ཏུ་མིང་པོ་གསུམ་པོ་སྒྲུབ།། འདི་ནི་དམ་ཚིག
35b2 གོ་དེ་ནས་གླུ་དང་། གར་དང་། རོལ་མོ་དང་། དགོད་པ་དང་། དགའ་དང་། ཟ་བ་དང་། མགུ་བས་མེ་ལ་རྩེ་བྱའོ།། ཕྱག་རྒྱ་དང་གར་གྱི་རོལ་མོའི་མཆོད་པའང་བྱས་ལ་ག། སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ
35b3 དང་བཅས་པས་བྱུང་བ་དང་། འབྱུང་བར་འགྱུར་བའི་ཡེ་ཤེས་བརྗོད་པར་བྱའོ།། དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། འབྱོར་པ་ཐམས་ཅད་འགྲུབ
35b4 པར་འགྱུར་རོ།། དམ་ཚིག་གི་དཀྱིལ་འཁོར་རོ།། དེ་ནས་སྲིང་མོ་བཞིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ།། ཧཱུཾ། དེ་ནས་འདིའི་དཀྱིལ་འཁོར་བཤད
35b5 པར་བྱ་སྟེ། དཀྱིལ་འཁོར་ཀུན་ནས་ཟླུམ་པོར་ཐིག་བཏབ་ལ། ཐིག་བཞི་ལ་འཁོར་ལོ་བཞི་པ་བྱས་ལ། དཀྱིལ་འཁོར་དེ་རྣམ་སུ་སྒོ་བཞིར་ལྟ་བའི་ལྷ་མོ་བཞིའི་གཟུགས་བརྙན་གཞག་པར་བྱ་སྟེ་ཀའདི་ལྔ
35b6 སྟེ། དགའ་བ་མོ་ནི་ཤར་དུ་ལྟ་བ། མདའ་དང་གཞུ་ཐོགས་པ་ལ་བརྩོན་པ། སྒེག་མ་མདོག་དམར་བའོ།། གསོད་མ་ལྷོ་ཕྱོགས་སུ་ལྟ་བ། ལག་ནཱ་གྲི་དང་ཕུབ་ཐོགས་པ། མདོག་ནག་པོའོ།། ཕག་མོ་ནུབ་ཏུ
35b7 ལྟ་བ། ལག་ན་གསེར་གྱི་གཏེར་ཐོགས་པ།། གསེར་གྱི་མདོག་ཅན་ནོ།། གྲུབ་པ་མོ་ཞི་བ་མོ་ཞེས་བྱ་བ་བྱང་དུ་ལྟ་བ། ལག་ན་གྲི་དང་ཤ་ཀ་ར་ཐོགས་པ། མདོག་དཀར་མོའོ།། ཕྱི་རོལ་གྱི་སྒོ་བཞིར་མཚན
iiif viewer powered by OpenSeadragon
35a - 36a