e-texts navigator
Collection
Volume
Page
Wylie

34b1 ཅན་ཐམས་ཅད་རྒྱས་གདབ་ཅིང་།། དམ་ཚིག་སྡང་རྣམས་བཟའ་བར་བྱ།། སྔགས་རྣམས་བསྟན་པར་མི་བྱ་སྟེ།། དམ་ཆོག་རྣལ་འབྱོར་གྲུབ་སྟེར་བྱའོ།། དྲག་པོའི་དམ་ཚིག་མདུང་རྩེ་དང་།། མ་མོ་རྣམས
34b2 ཀྱི་རྒྱུས་འདེབས་པར།། གལ་ཏེ་འདས་ན་ཁྱོད་ཀྱི་སྙིང་།། རྟག་ཏུ་འཇིག་པར་བྱེད་པར་འགྱུར།། དེ་ནས་བརྩམས་ཏེ་གང་ཤ་ཆེན་པོ་ཟ་བ་ནི་དེ་རིང་པོ་མི་ཐོགས་པར་རྣལ་འབྱོར་འགྲུབ་པར་འགྱུར་རོ།། གང་ཟ
34b3 བར་མི་འགྱུར་བ་དེའི་རྣལ་འབྱོར་མེད་དོ།། གལ་ཏེ་དམ་ཚིག་ལས་འདས་པར་མ་གྱུར་ན་ཚོགས་ཐམས་ཅད་ཀྱིས་ཀྱང་མི་གསོད་པར་འགྱུར་རོ།། ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། ཕྱག་རྒྱའི་གར
34b4 དང་མཆོད་པ་བྱས་ནས་གཏོར་མ་སྦྱིན་ཞིང་བཟའ་བ་དང་། བཏུང་བ་དང་། ལོངས་སྤྱོད་ལ་སོགས་པས་ཚིམ་པར་བྱས་ནས་ཕྱིར་བྱུང་བར་བྱའོ།། དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱའོ།།
34b5 དཀྱིལ་འཁོར་རོ།། དེ་ནས་སྦྲང་རྩིར་བྱེད་པ་ལ་སོགས་པ་མིང་པོ་གསུམ་གྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་མགྲིན་གཅིག་ཏུ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ།། སྭ། དེ
34b6 ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། ཟུར་བཞི་པ་དང་སྒོ་བཞི་པར།། ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ།། དེ་ཡི་ནང་དུ་དཀྱིལ་འཁོར་ནི།། གཞུ་ཡི་དབྱིབས་ཅན་དྲི་བར་བྱ།། དེ་ཡི་དབུས་སུ་མིང་པོ་ནི།།
34b7 མཆོག་གསུམ་དག་ནི་གཞག་བྱ་སྟེ།། སྦྲང་རྩིར་བྱེད་དང་རྒྱལ་བྱེད་དང་།། དོན་ཀུན་གྲུབ་བྱེད་ཅེས་བྱ་བའོ།། གོ་ཆ་ཡ་ལ་ད་བགོས་པ་དང་།། དེ་བཞིན་ཐོད་པ་མཚན་མ་འཛིན།། ལྷ་ཡི་གོས




iiif viewer powered by OpenSeadragon

34a - 35a

Texts on this page

Ty063-001 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po