| | e-texts navigator
|
34a1 རུཎྜཱ་དང་། གཏུམ་མོ་དང་། འཇིགས་བྱེད་མ་རྣམས་སོ།། དེ་རྣམས་ཀྱི་མཚན་མ་ནི་མདུང་རྩེ་གསུམ་པ་དང་། འཕྲེང་བ་དང་། འཁོར་ལོ་དང་། དྲིལ་བུ་དང་།། ཐོད་པ་ཁྲག་དང་།
34a2 བཅས་པ་དང་། འཁར་གསིལ་དང་། མཆེ་བ་དང་། ཁ་ཊྭཱཾ་གའོ།། སྐེ་སྲུངས་རྣམས་ཀྱི་ནི་ཐོད་པ་དང་། རུས་པའི་ལུ་གུ་རྒྱུད་དང་། བྱ་རྒོད་དང་། བྱི་ལའོ།། དེ་ནས་ཕྱག་རྒྱའི་སློབ་དཔོན་ཆོས་སྤྱོད་པ། ག
34a3 བ་གོས་གཙང་མ་བགོས་པ་ཐམས་ཅད་ཟ་བ་འམ། ཐམས་ཅད་སྤྱད་པ་ལའང་སྨད་པ་མེད་དེ། ཞི་བའི་ཕོ་ཉའི་ཕྱག་རྒྱས་ཞུགས་ལ་སྙིང་པོ་བཟླས་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་དབུས་ནས་བྷྱོ་ཆེན་པོ
34a4 ཐོས་པར་འགྱུར་རོ།། དེ་ནས་སློབ་དཔོན་མ་གཏོགས་པ་གཞན་ཐམས་ཅད་ཇི་ལྟར་འོངས་པ་ཞུགས་པར་འགྱུར་ཞིང་འཐོབ་པར་འགྱུར་ཏེ། གདུག་པའི་དམ་ཚིག་ནི་མ་གཏོགས་སོ།། དེ་ནས་སློབ་མ་ལས
34a5 ན་མེ་ཏོག་ཐོགས་པས་རས་ཀྱིས་མིག་བཀབ་ལ་ནག་པོ་ཆེན་པོའི་ཕྱག་རྒྱས་བཅུག་སྟེ། རྣམ་པར་དམ་ཚིག་ཆེན་པོ་བྷྱོ་ཞེས་བྱ་བ་དང་སྦྱར་བར་བྱའོ།། དེ་ནས་སྐྲག་ནས་མེ་ཏོག་འདོར་རོ།། དེ་ནས
34a6 གང་དུ་ལྷུང་བ་དེ་ལྷག་པའི་ལྷར་བསྒྲུབ་པར་བྱའོ།། གལ་ཏེ་ལྷུང་བར་མ་གྱུར་ནའང་འདོར་དུ་གཞུག་གོ། དེས་ནི་འཇིགས་པར་བྱེད་པར་ནུས་ཤིང་རྣལ་འབྱོར་ཡང་སོ་སོར་འཐོབ་པར་འགྱུར་རོ།། དེ་ནས
34a7 གདོང་གཡོགས་དཀྲོལ་ལ་དཀྱིལ་འཁོར་བསྟན་པར་བྱའོ།། བདུག་པ་ལ་སོགས་པའི་ཕྱག་རྒྱས་མཆོད་ནས་སྙིང་པོ་དང་རང་རང་གི་མཚན་མ་སྦྱིན་པར་བྱའོ།། དེ་ནས་དམ་ཚིག་བསྟན་པར་བྱ་སྟེ། སེམ
iiif viewer powered by OpenSeadragon
33b - 34b