| | e-texts navigator
|
30b1 བདུག་པ་འདུལ་བའི་མཆོད་པ་ལ་མི་ཐེནས་སོ།། མེ་ཏོག་ལ་སོགས་པ་དོར་བ་ལ་ནི་བཟླས་པས་མ། བདེ་བ་ཆེ་པོ་དོན་ཡོད་པའི་དམ་ཅོམ་མ་རྟོག་པའི་རྒྱལ་བཆེན་པ་ལས། དཅོག
30b2 དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུག་པ་ཐམས་ཅད་འདུལ་ནུས་པས་ཡང་ཡེ་ཤེས
30b3 ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་སེམས་ཅན་ཐམས་ཅད་འདུལ་བ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོབ
30b4 མཉམ་པ་ཉིད་དོ།། སེམས་ཅན་ཐམས་ཅད་དུལ་བ་ཉིད་པས་ཁྲོ་བ་དུལ་བ་ཉིད་དོ།། སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བ་ཆོས་ཉིད་དོ།། སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བ་རྡོ་རྗེ་ཉིད་དོ།།
30b5 དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་བོ།། དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དོན་དེ་ཉིད་རྒྱ་ཆེར་སྟོན་ཏེ་བཞིན་རབ་ཏུ
30b6 འཛུམ་ཞིང་རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱི་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཧཾ། དེ་ནས་འདི་གསུངས་པ་ཙམ་གྱིས་གདུག་པ་ཐམས་ཅད་འདུལ
30b7 བའི་སེམས་དཔའ་རྣམས་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཐུག་ལས་བྱུང་སྟེ་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་གནོད་སྦྱིན་ཐབས་ཐམས་ཅད
iiif viewer powered by OpenSeadragon
30a - 31a