| | e-texts navigator
|
28b1 བཞིན་དུ་བྱས་ཏེ། ནང་གི་དཀྱིལ་འཁོར་དུ་རྡོ་རྗེ་འཁོར་ལོ་བྲིས་ལ། དབུས་སུ་རྡོ་རྗེ་འཁོར་ལོ་བསྐོར་བ་གཞག་པར་བྱའོ།། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པ།
28b2 སྲད་དུ་དཀྱིལ་འཁོར་དང་པོའི་ཚུལ་དུ་གཞག་པར་བྱའོ།། བྱའི་མཚམས་རྣམས་སུ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བ་ནི་བྲི་བར་བྱའོ།། སྒྲོ་རྣམས་སུ་མཚངས་པཞི་གཞག་པར་བྱསྟེ། འདི་ལྟ་སྟེ།
28b3 སེསྲ་པའི་སྐུ་དང་། རྡོ་རྗེ་ཁྲོ་བོའི་སྐུ་དང་། སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་དང་། ནམ་མཁའི་སྙིང་པོའི་སྐུ་རྣམས་སོ།། དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་དུ
28b4 སངས་རྒྱས་ཉིད་དང་། རྡོ་རྗེ་འཛིན་པ་ཉིད་འགྲུབ་པར་འགྱུར་རོ།། དེ་ནས་འཁོར་ལོ་བླངས་ལ་འཁོར་ལོའི་མིང་གིས་དབང་བསྐུར་བ་ནི་གསང་བའི་དཀྱིལ་འཁོར་བཞི་ཐིག་བཏབ་པའི་རིགས་རྣམས
28b5 སུ་འཇུག་པར་བྱའོ།། སློབ་མ་གཞུག་པའང་དེ་བཞིན་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་རོ།། སྒྲུབ་པའང་དེ་བཞིན་ནོ།། མ་བསྒྲུབས་པར་ཡང་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས
28b6 གཏེར་རང་གི་ཁར་བཅུག་ལ་གཞག་པར་བྱའོ།། དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོ་ཆེན་པོས་སོ།། དེ་བཞིན་དུ་ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་དེ་བཞིན་གཤེགས་པ
28b7 ཐམས་ཅད་ཀྱི་འཁོར་ལོའི་ཕྱག་རྒྱས་སོ།། དེ་བཞིན་དུ་དམཆོག་གི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་དམ་ཚིག་ཆེན་པོའི་འཁོར་ལོས་སོ།། ལས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི
iiif viewer powered by OpenSeadragon
28a - 29a