e-texts navigator
Collection
Volume
Page
Wylie

25a1 ཐམས་ཅད་དོན་ཡོད་པར་འཐོབ་པར་འགྱུར་རོ།། ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དབང་ཕྱུག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་བར་མངོན་པར་རྫོགས
25a2 པར་འཚང་རྒྱ་བར་འགྱུར་རོ།། དེར་ཞུགས་ནས་ཕྱག་རྒྱ་བཅིང་བ་བཅོམ་ལྡན་འདས་ལ་བསླབ་པར་བྱ་ཞིང་རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་ལ་འདི་སྐད་བརྗོད་པར་བྱའོ།། སྐུ་གསུང་ཐུགས
25a3 ཀྱི་རྡོ་རྗེ་ཡི།། གཟུགས་བརྙན་ལྟ་བུར་སྦྱོར་བ་ཡིས།། ཕྱག་རྒྱ་ཀུན་ཞེས་བྱ་བར་བསྒྲགས།། དམ་ཚིག་དངོས་གྲུབ་ཀུན་སྟེར་བའོ།། སློབ་མ་གཞུག་པའང་དེ་བཞིན་ནོ།། ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ
25a4 འཁོར་རོ།། སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ།། དེ་ནས་མ་བསྒྲུབས་པའི་ལས་རྣམས་ཀྱང་དེ་བཞིན་ནོ།། ཕྱག་རྒྱ་ཐམས་ཅད་བཅིང་བ་སྒྲུབ་པ་ལ་ནི་སྙིང་ཁར་རྡོ་རྗེའི་ཁུ་ཚུར་གྱིས
25a5 སོ་དབྱུག་རྒྱ་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་ཆེན་པོའི་ཁུ་ཚུར་གྱིས་སོ།། མ་ཚིག་ཐམས་ཅད་ཐུབ་པ་ལ་ནི་རྡོ་རྗེ་འདོད་པའི་ཁུ་ཚུར་གྱིས་སོ།། སེམས་ཅ་རྗེས་སུ་ཆགས་པར་བྱ་བ་ལ་ནི་ཆགས
25a6 པ་ཆེན་པོའི་ཁུ་ཚུར་གྱིས་སོ།། ཐམས་ཅད་དབང་དུབྱ་བ་ལ་ནི་རྡོ་རྗེ་བཞང་པའི་ཁུ་ཚུར་གྱིས་སོ།། ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ།། ཐམས་ཅད་བསྡམ་པར་བྱ་བ་ལ་ནི
25a7 རྡོ་རྗེ་ལུ་གུ་རྒྱད་ཀྱི་དུ་དུར་གྱིས་སོ།། ཐམས་ཅད་ལྐུགས་པར་བྱ་བ་ལ་ནི་རྡོ་རྗེ་ཞལ་ཞལ་གྱི་ཁུ་ཚུར་གྱིས་སོ།། ཐམས་ཅད་བཙིར་བ་ལ་ནི་རྡོ་རྗེ་བསྡམ་པའི་ཁུ་ཚུར་གྱིས་སོ།། ཐམས་ཅད




iiif viewer powered by OpenSeadragon

24b - 25b

Texts on this page

Ty063-001 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po