| | e-texts navigator
|
164a1 དང་པོ་གནས་ཞེས་བྱ་བའི་རྒྱུད་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་ཀུན་ལ་རབ་ཏུ་གནས།། རྡོ་རྗེ་ཀུན་མཆོག་རང་བཞིན་མཆོག། བདེ་བ་ཆེན་པོ་དགའ་བ་ཆེའི།། གྲོང།
164a2 ཁྱེར་དེར་ནི་མི་འགྱུར་མཆོག། ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྟོག་པ་ཐམས་ཅད་ཀྱི་རྟོག་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་གསུངས་སོ།། དེ་ལ་ཐོག་མ་ཐ་མ་མེད་པའི་རྡོ་རྗེ་སེམས
164a3 དཔའ་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་སྒྲུབ་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད།། དེ་ནས་བཅོམ་ལྡན
164a4 འདས་དེ་གང་ཡིན་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། རབ་ཏུ་དགའ་བ་མི་འགྱུར་མཆོག། དེ་ལ་བཅོམ་ལྡན་འདས
164a5 དགའ་བ་ཆེན་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཉེས་པ་མེད་ཅིང་ཤིན་ཏུ་རྟག། འདོད་ཆགས་ཀུན་གྱིས་རྗེས་ཆགས་པ།། དེ་ཉིད་འདི་ཡིས་གསང་བ་འདི།། འདོད་ཆགས་ཆེན་པོའི་དགའ་བ་ཆེ།།
164a6 དེ་ལ་ཅི་ཀུན་ཏུ་བཟང་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཤིན་ཏུ་དག་ལ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔའི་ཆོ་ག
164a7 མཆོག། དེ་ལ་རྡོ་རྗེ་བསྙེམས་པའི་བཅོམ་ལྡན་འདས་ཇི་ལྟར་ཡིན་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡིས།། དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག། རྡོ་རྗེ་དབང་ཕྱུག་ཆེར་བསྟོད་པས།།
iiif viewer powered by OpenSeadragon
163b - 164b