| | e-texts navigator
|
181b1 དྲག་པོ་གན་ཏུ་གདུག་། རྡོ་རྗེ་དང་དབང་རྡོ་རྗེ་མཛད།། རྡོ་རྗེ་འདོད་བ་ཁྲོ་བ་ཆེ།། རྡོ་རྗེ་སྒྲ་སྟེ་སྒྲ་ཆེན་པོ།། སངས་རྒྱས་ཧཱུཾ་མཛད་ཡི་གེ་ཧཱུཾ། ཡི་གེ་བཊ་སོགས་དང་མཉམ་པ།། ཡི་གེ་དཊ་ནི་འབར་བ
181b2 བཀའ་ཡི་གེ་སྭཱ་ཧཱ་རང་བཞིན་མེད།། གཙོ་བོ་གསོད་དང་སྲོང་མཛད་པ།། དྲི་མེད་སྐྲག་དང་དབུས་འབྱིན་མཛད།། སངས་རྒྱས་སངས་རྒྱས་ཁྲོ་བོ་ཆེ།། ཁྲོ་བ་རྡོ་རྗེ་དེ་བཞིན་གཤེགས།། འདོད
181b3 ཆགས་ལས་བྱུང་དེ་བཞིན་ཉིད།། རྡོ་རྗེ་ཁྲོ་བོ་ཁྱོད་ཕྱག་འཚལ།། མཚན་བརྒྱ་རྩ་བརྒྱད་དམ་པ་འདི།། ཉིན་རེ་བཞིན་དུ་ལན་ཅིག་ནི།། གང་ཞིག་འདོན་པར་བྱེད་པ་དེ།། དངོས་གྲུབ་མཆོག་ནི་ཐོབ
181b4 པར་འགྱུར།། དེ་དག་ལ་ནི་འཇིགས་པ་མེད།། འཕོངས་དང་བྲན་དག་ཉིད་མོ་འགྱུར།། སངས་རྒྱས་རྡོ་རྗེ་འཛིན་བསྟན་པ།། དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར།། དཔའ་བོ་ཁྱོད་ལ་གསོལ
181b5 བ་འདེབས།། གདུག་པ་རྣམས་ནི་འདུལ་བ་དང་།། དེ་བཞིན་སེམས་ཅན་དོན་བྱའི་ཕྱིར།། ཚུལ་ཆེན་བསྐྱེད་པར་མཛད་དུ་གསོལ།། གསང་བའི་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོ་ཞེས་བྱ་བ་རྫོགས
181b6 སོ།། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲིའི་ཞལ་སྔ་ནས་དང་། ལོ་ཙ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་པའོ།། བམ་པོ་བཅུ
181b7 གཉིས་པའོ།། @རྒྱ་གར་སྐད་དུ། སརྦ་ར་ཧ་སྱོ་ནཱ་མ་ཏནྡ་རཱ་ཛ། བོད་སྐད་དུ། ཐམས་ཅད་གསང་བ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ།། བཅོམ་ལྡན
iiif viewer powered by OpenSeadragon
181a - 182a