| | e-texts navigator
|
181a1 སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་སེམས་དཔའ་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་པར་གྱུར་ཏོ།། རྡོ་རྗེ་ཧཱུཾ་མཛད་རྡོ་རྗེ་མཆོག། རྡོ་རྗེ་མཆོ
181a2 འཛིན་རྡོ་རྗེའི་མདའ།། རྡོ་རྗེ་ཁྲོ་གཉེར་རྡོ་རྗེའི་ལུས།། རྡོ་རྗེ་འབར་བ་རྒྱལ་མཚན་ཆེ།། རྡོ་རྗེ་གད་རྒྱངས་རྡོ་རྗེའི་བདག། རྡོ་རྗེ་སྡེ་སྟེ་ཆོས་མཆོག་འཛིན།། རྡོ་རྗེ་རྒྱལ་མཚན་ཤིན་ཏུ་ནོ།། རྡོ་རྗེ་འཁོར་ལོ
181a3 བཟླས་པ་ཆེ།། ལས་ཀྱི་རྡོ་རྗེ་རྡོ་རྗེ་ཆེ།། རྡོ་རྗེ་གནོད་སྦྱིན་འཇིགས་ཆེན་པོ།། རྡོ་རྗེ་ཕྲག་རྒྱ་སྒྲ་ཆེན་པོ།། རྡོ་རྗེ་ཁུ་ཚུར་བཏན་པ་ཆེ།། རྡོ་རྗེ་འབར་བ་རྡོ་རྗེ་ཆེ།། ལས་ཆེན་པོ་སྟེ་མདའ་ཆེན་པོ།། རྡོ་རྗེ
181a4 ལེགས་པ་དགའ་བ་ཆེ།། རྡོ་རྗེ་རྒྱན་ནི་འཕྲོག་བྱེད་པ།། རྡོ་རྗེ་འོང་དེ་རྒྱལ་མཚན་ཆེ།། རྡོ་རྗེ་ཚེམས་ནི་རབ་དགའ་བ།། རྡོ་རྗེ་བདྨ་ཤིན་ཏུ་གཅོད།། རྡོ་རྗེ་དཀྱིལ་འཁོར་རྡོ་རྗེ་རིག། རྡོ་རྗེ་ལྤགས་ཏེ་སྣ་ཚོགས་།
181a5 སྣ་ཚོགས་མཚོན་ཆེན་སྐྱེ་དགུ་མདའ།། གོ་ཆ་ཆེན་པོ་རྡོ་རྗེ་སྐུ།། རྡོ་རྗེ་མཆེ་བ་འཇིགས་བྱེད་པ།། རྡོ་རྗེ་བསྡམས་པ་རྡོ་རྗེ་ཆེ།། རྡོ་རྗེ་ཁྲོ་བོ་གཞུ་ཆེན་པོ།། རྡོ་རྗེ་ལྕགས་ཀྱུ་མཛོད་ཆེན་པོ།། ནགས་པ་ཆེན་།
181a6 དབང་ཆེན་པོ།། རྡོ་རྗེ་ལྕག་སྒྲོག་འབེབས་པ་ཆེ།། རྡོ་རྗེ་དབབ་པ་འཇིགས་བྱེད་པ།། ཡི་གེ་ཛ་སྟེ་ཡི་གེ་ཧཱུཾ།། ཡི་གེ་ཧཱུཾ་ནི་དམ་དུ་འཆིང་།། ཡི་གེ་ཧོ་སྟེ་ཡི་གེ་ཧཿ། རྡོ་རྗེ་ཕྱག་རྒྱ་དྲེགས་པ་མཆོག། རྡོ་རྗེ
181a7 སེམས་དཔའ་ཁྲོ་བོ་ཆེ།། ལྕགས་ཀྱུ་བསྡིགས་མེ་རྡོ་རྗེ་ཁྲོ།། རྡོ་རྗེ་བདུད་དེ་བདུད་ཀྱི་མཆོག། བདུད་ཀྱི་བདུད་ནི་རབ་འཇོམས་པ།། རྡོ་རྗེ་དགའ་བཞི་པ་ཆེ།། རྡོ་རྗེ་དཀའ་ཐུབ་ཤིས་མཛད་པ།། རྡོ་རྗེ
iiif viewer powered by OpenSeadragon
180b - 181b