e-texts navigator
Collection
Volume
Page
Wylie

180a1 གེ་ཧཱུཾ་ནི་སྦྱར་བར་བྱ།། གང་ཞིག་སྦྱོར་བའི་མིང་ཅན་གྱི།། སངས་རྒྱས་དབུས་སུ་དགོད་པར་བྱ།། རྡོ་རྗེ་ཡི་གེ་རབ་སྦྱོར་བྱེད།། ཤེས་རབ་ཅན་གྱིས་ཡི་གེ་རྣམས།། རྡོ་ཆེའི་རིག་པ
180a2 འཛིན་པ་ཡིས།། དབུས་སུ་རྡོ་རྗེ་རྡོ་རྗེ་བཞི།། ཤར་དུ་ཡི་གེ་སུམ་ཅུ་བྲི།། ཡི་གེ་སུམ་ཅུ་དེ་བཞིན་ལྷོར།། སུམ་ཅུ་བྱང་གི་ཕྱོགས་ཆ་རུ།། ནུབ་ཏུ་སུམ་ཅུ་སྦྱར་བར་བྱ།། ཡི་གེ་བཅུ་དྲུག་ཡང་དག་སྦྱོར།
180a3 དབུས་སུ་སངས་རྒྱས་བཞི་ལྡན་བྱ།། རྡོ་རྗེ་གནོད་སྦྱིན་རྣལ་འབྱོར་ཆེ།། རྣལ་འབྱོར་དབང་ཕྱུག་དབང་ཕྱུག་ཆེ།། དཔལ་ལྡན་འཇིག་རྟེན་རྣོན་པོ་བལྡན།། དབབ་པ་བརྟན་པའི་ཚོགས་གྱུར་པ།། སྨྲ་བ་ལས
180a4 བྱུབྱང་རྒྱལ་བ་ཆེ།། སངས་རྒྱས་རྣལ་འབྱོར་འཇུག་པར་བྱ།། ཨུ་རོ་ཏེ་ཀོ་ཏ་མ་ཧཨཱརྱ་ཡོ་དྷརྱ་ཡོ་དྷརྱ་བཱི་ར་ཏེ་ནཱ་མ་ནེ། དེ་ནས་སྦྱོར་བ་འདི་ཡིས་ནི།། རྡོ་རྗེ་འཁོར་ལོ་གཞུག་པར་བྱ།། ཧ་ཧ་ཧོ་ཧོ་ག་སང་ཆེན་པོའི།།
180a5 རྩེ་གསུམ་རལ་པ་གསུམ་འཛིན་པ།། རྒྱ་ཆེན་གཟི་བརྗིད་ཆེན་པོའི་དོན།། རྡོ་རྗེ་ཐིག་གིས་ཡོངས་སུ་བསྐོར།། སློབ་དཔོན་ཆེན་པོས་བལྟ་བྱས་ནས།། ཡི་གེ་རབ་ཏུ་བརྗོད་པར་བྱ།། རྡོ་རྗེའི་དཀྱིལ་འཁོར
180a6 འཁོར་ལོ་ཡིས།། རྡོ་རྗེའི་འཁོར་ལོ་ཀུན་ཏུ་སྤྲོ།། ཨ་ཨཱའི་རྣལ་འབྱོར་ཡང་དག་གཟུང་།། ཨི་ཨཱི་དབང་ཕྱུག་ཆེན་པོའི་འོད་།། ཨུ་ཨཱུ་རྣོན་པོ་འཆང་བ་སྟེ།། ཨེ་ཨེ་སྒྲ་དབྱངས་རབ་བསྐུལ་བ།། ཨོཾ་མ
180a7 སྐྱབས་བྱེད་རྩིགས་ཆེན་པོ།། ཨོཾ་ཨཿཤེས་རབ་སྟོན་བཟང་བ།། རྡོ་རྗེ་ལྕགས་ཀྱུ་འདི་ཡིས་ཀྱང་།། རྡོ་རྗེ་འཆང་ནི་བཀུལ་བར་བྱ།། ཇི་ལྟར་འཁོར་ལོ་ཇི་ལྟར་རིགས།། རི་འོས་རིསར་རྡོ་རྗེའི་ཚེགས།




iiif viewer powered by OpenSeadragon

179b - 180b

Texts on this page

Ty062-001 - gsang ba rnal 'byor chen po'i rgyud rdo rje rtse mo