| | e-texts navigator
|
179b1 པར་འཇུག་པར་བྱ།། བརྒྱ་དང་སུམ་ཅུ་རྩ་དྲུག་ལྷག། ཚོགས་ཀྱི་དཀྱིལ་འཁོར་ཀུན་བསྡུས་པ།། པྲི་དང་རྡོར་ཚིག་ཡི་གེ་ཡིས།། དཀྱིལ་འཁོར་གསང་བ་བསླབ་པར་བྱ།། རྒྱུད་ཀྱི་དཀྱིལ་འཁོར
179b2 ཀུན་བསྡུས་པ།། དཀྱིལ་འཁོར་གསང་བ་འདི་རུ་ནི།། དེ་ཉིད་ཡི་གེ་རྣམས་དག་པའི།། རྣལ་འབྱོར་ཆེན་པོ་འཇུག་པར་བྱ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་རྣམ་པར་བརྒྱད།།
179b3 ཐིག་པ་ནཱི་དང་ནི་ཡང་དག་ལྡན།། དར་གྱི་ཆུན་པོས་རྣམ་པར་བརྒྱན།། རྡོ་རྗེ་དབྱིངས་སོགས་སྦྱོར་བ་ཡིས།། སྟུག་པོ་གསང་བ་ཤིན་ཏུ་བརྟན།། དེ་ཉིད་གསང་བ་བསླབ་བྱའི་ཕྱིར།། ཤེས་རབ་ཅན
179b4 གྱིས་དཀྱིལ་འཁོར་བསླབ།། ཨེ་མའོ་དཀྱིལ་འཁོར་སྦྱོར་བ་ཡིས།། གསང་བའི་དཀྱིལ་འཁོར་ཀུན་བསྡུས་པ།། རྡོ་རྗེ་དབྱིངས་སོགས་སྦྱོར་བ་ཡིས།། མཁས་པས་ཡང་དག་བྲི་ཞིང་དགོད།།
179b5 གྲུ་བ་ནི་མཉམ་པར་རིམ་པ་ནི།། དེ་ཉིད་ཀྱི་ནི་ནང་དུ་བྱ།། དཀྱིལ་འཁོར་གྱི་ནི་དབུས་ཀྱི་ཆར།། སངས་རྒྱས་གཟུགས་ནི་དགོད་པར་བྱ།། དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ།། ཅི་རིགས་པར་ནི་ཡང་དག་བྲི།
179b6 དངོས་བཞིའི་རང་བཞིན་དཀྱིལ་འཁོར་ལ།། ཡི་གེ་སུམ་ཅུ་རྩ་དྲུག་དགོད།། སངས་རྒྱས་ཀྱི་ནི་ཕྱོགས་ཀུན་ཏུ།། ཡི་གེ་བཅུ་དྲུག་ཡང་དག་བྲི།། ཡི་གེ་བཅུ་དྲུག་རྒྱལ་པོ་ནི།། ཕྱག་རྒྱའི་ཚོགས་དང་འོད
179b7 བཅས་པ།། དཀྱིལ་འཁོར་ཆེན་པོའི་ལོགས་བཞི་རུ།། ཡི་གེ་རྣམས་ནི་ཡང་དག་བྲི།། ཡི་གེ་སུམ་ཅུ་སུམ་ཅུ་ནི།། ཕྱོགས་རྣམས་ཀུན་ཏུ་དགོད་པར་བྱ།། སངས་རྒྱས་ཐུགས་ཀའི་དབུས་སུ་ནི།། ཡི
iiif viewer powered by OpenSeadragon
179a - 180a