| | e-texts navigator
|
178a1 ཆེན་པོ།། དེ་ཉིད་རྣལ་འབྱོར་ཀུན་བསྡུས་པ།། དེ་ནས་ཡང་དག་བཤད་པར་བྱ།། རྡོ་རྗེ་ཧཱུཾ་མཛད་རྣལ་འབྱོར་གྱིས།། རྣལ་འབྱོར་བྱ་བ་བསྒྲུབ་པར་བྱ།། ཇི་ལྟར་ཡི་གེ་ཧཱུཾ
178a2 ལས་བྱུང་།། གསང་བ་རྒྱལ་པོ་ཆེན་པོ་བྱེད།། རྡོ་རྗེ་ཧཱུཾ་མཛད་སྦྱར་བ་ཡིས།། རྣལ་འབྱོར་བྱ་བ་བསྒྲུབ་པར་བྱ།། དེ་ལྟར་མིན་ན་ཕྱག་རྒྱ་ཆེ།། དམ་ཚིག་ཅེས་བྱ་གཏོན་མི་འགྲུབ།། ཕྱག་རྒྱ་ཆེན་པོ
178a3 མདོར་བསྡུས་ནས།། རྡོ་རྗེ་ཕྱག་རྒྱ་ཡོངས་སུ་གཟུང་།། དེ་ན་སུ་གྲུབ་པའི་ཕྱག་རྒྱ་ཆེ།། གྲུབ་པ་ཆོ་ག་ཡང་དག་གིས།། མྱུར་དུ་རབ་ཏུ་འགྲུབ་འགྱུར་བ།། རྨང་བྱུང་ཆེན་པོ་རབ་བཤད་བྱ།། ཨོཾ་སརྦ
178a4 ཐཱ་ག་ཏ་བ་ཛྲ་ས་མ་ཡ་ཧཱུཾ། ཟླ་བའི་དཀྱིལ་འཁོར་གང་བར་བཞུགསོ།། ཕྱག་རྒྱ་ཆེན་པོ་ཡོངས་སུ་གཟུང་།། རྡོ་རྗེ་སྔགས་ཀྱིས་བསྐུལ་བྱ་ཞིང་།། སངས་རྒྱས་བྱང་ཆུབ་རབ་ཏུ་སྒྲུབ།། ཧཱུཾ་བཛྲ་མ་ཏ། རྡོ།
178a5 ཛེརྗེའི་རིག་པ་མཆོག་རྒྱལ་པོ།། བདག་ཉིད་ཡོངས་སུ་བསྒོམ་བྱ་ཞིང་།། སངས་རྒྱས་ཐམས་ཅད་འཇིགས་བྱས་ན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཨོཾ་བྷྲྀ་ཀུ་ཊཱི་བ་ར་ཏ། རང་བདག་ཉིད་ནི་དབང
178a6 བསྐུར་བ།། རིན་ཆེན་ཕྱག་རྒྱ་ཡོངས་སུ་གཟུང་།། རིན་ཆེན་ཆར་ནི་རབ་ཕབ་ནས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཨོཾ་པདྨ་བཛྲ་ཧྲཱི་ཐཿ། ཤེས་རབ་ཅན་དུ་རང་བདག་ཉིད།། རྡོ་རྗེ་སྤྱན་ནི་ཡོངསུ
178a7 གཟུང་།། རྡོ་རྗེ་སྔགས་ཀྱིས་བསྐུལ་བྱ་ཞིང་།། པདྨའི་རིགས་ཆེན་བསྐུལ་བར་བྱ།། ཧཱུཾ་ཀརྨ་བཛྲ་ཀྲི་ཏི་ཏ། སྣ་ཚོགས་རྡོ་རྗེ་རྒྱལ་པོ་ཆེ།། བྱ་བ་སྣ་ཚོགས་བདག་ཉིད་ཆེ།། སངས་རྒྱས་ཐམས་ཅད་མཆོད
iiif viewer powered by OpenSeadragon
177b - 178b