e-texts navigator
Collection
Volume
Page
Wylie

176b1 རང་གི་རིགས་ཀྱི་ལྷ་མོ་གང་།། དེ་ནི་བུད་མེད་ཅེས་བྱར་གྲགས།། རིག་པའི་སྦྱོར་བ་དེ་ཡིས་ནི།། རང་གི་རིགས་ཀྱི་ལྷ་དག་སྒྲུབ།། མིག་སྨན་ལ་སོགས་གཞུག་པ་ནི།། པདྨའི་སྟེང་དུ་ཡང་དག
176b2 དགོད། བྷ་ག་པདྨ་ཞེས་བཤད་དེ།། གཞུག་པ་དགོད་པར་བཤད་པར་བྱ།། བྷ་གའི་སྦྱོར་བ་འདི་ཡིས་ནི།། མིག་སྨན་དག་ནི་བསྒྲུབ་པར་བྱ།། བྷ་གར་མིག་སྨན་གཞུག་པ་ནི།། པདྨའི་སྟེང་དུ་ཡང
176b3 དག་དགོད།། པདྨ་དང་ནི་ལྷན་ཅིག་དགོད།། རྣམ་པ་བནི་ནི་འགྲུབ་པར་འགྱུར།། ཨོཾ་གུ་ཧྱ་ར་ཏི་བཛྲ་ཤཾ་ཀ་རི་སིདྡྷི་ཧཱུཾ། དྲོ་དང་དུ་བ་འབར་དང་རྡུལ།། རྣམ་པ་བཞི་ནི་འགྲུབ་པར་འགྱུར།། ཨོཾ་གུ་ཧྱ་བཛྲ
176b4 སིདྡྷི་ཧཱུཾ། བྷ་གར་གིའུ་ཝང་བཞག་ནས་ནི།། གསང་བའི་ཕྱག་རྒྱ་གཞག་པར་འགྱུར།། མཚན་མ་རྣམ་པ་བཞི་དག་གིས།། དངོས་གྲུབ་རྣམ་པ་བཞི་རུ་བཤད།། ཨོཾ་གུ་ཧྱ་བཛྲ་སིདྡྷི་ཧཱུཾ། རྡོ་རྗེ་སེམ།
176b5 དཔའི་ཕྱག་རྒྱ་ཡིས།། བྷ་གར་གུར་ཀུམ་བཅུག་ནས་ནི།། དག་བཅིང་དེ་ནི་འབར་འགྱུར་ན།། རྣམ་པ་བཞི་ནི་འགྲུབ་པར་འགྱུར།། ཨོཾ་བཛྲ་དྷ་ར་གུ་ཧྱ་སིདྡྷི་ཧཱུཾ། རྡོ་རྗེ་བྱ་བའི་སྦྱོར་བ་དང་།། རྡོ་རྗེ་ཕྱག།
176b6 རྒྱ་བསྡུས་པ་དང་།། རྡོ་རྗེ་ཁྲོ་བོ་སྙོམས་འཇུག་དང་།། རྡོ་རྗེ་ཁུ་ཚུར་སྦྱོར་བ་དང་།། དམ་ཚིག་མཆོག་ནི་འདི་དག་དང་།། ཧཱུ~ཾ་གི་སོར་མོ་ར་སྦྱོར་བ་དང་།། ཆོས་ཀྱི་ཕྱག་རྒྱ་དེ་བཞིན་འདིར།། མོ་ལ་སོགས
176b7 པའི་ཡི་གེ་དང་།། སྦྱིན་སྲེག་ཆོ་ག་འདི་ཡིས་ནི།། ཡེ་ཤེས་ཕྱག་རྒྱ་རབ་བསྒྲུབ་བྱ།། རྒྱས་པ་རུ་ནི་ཐམས་ཅད་དག། གསང་བའི་རྒྱུད་དུ་རབ་ཏུ་བཤད།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། རྡོ་རྗེ་སློབ་དཔོན།




iiif viewer powered by OpenSeadragon

176a - 177a

Texts on this page

Ty062-001 - gsang ba rnal 'byor chen po'i rgyud rdo rje rtse mo