e-texts navigator
Collection
Volume
Page
Wylie

176a1 ནི་རྙེད་པར་འགྱུར།། ཨོཾ་བཛྲ་ཨཱ་ཛཱ་ཀཱ་ར་ཡ་ཛ། ལམ་ཤིང་དེ་དག་ཉིད་དང་ནི།། ཐབ་ཁུང་དེ་ཉིད་བརྐོ་བྱ་ནིང་།། བྱང་ཆུབ་སེམས་དཔའི་དམན་མ་གང་།། བསྲེགས་ན་བཀའ་བཞིན།
176a2 བྱེད་པར་འགྱུར།། ཨོཾ་བཛྲ་མ་བ་ཤ་ཀ་ར་ཡ་། བུང་ཤིང་དེ་དག་ཉིད་ཀྱིས་མེ།། ཀུན་ཏུ་ཐབ་ཁུང་དེ་ཁོན།། རྡོ་རྗེ་སེམས་དཔའི་དམན་ནི།། བསྲེགས་ན་བཀའ་བཞིན་བྱེད་པར་འགྱུར།། རྡུབ
176a3 པཱ་ཎི་བ་ཤ~ཾ་ཀ་རཱ་ཡ་། ཡང་ན་སངས་རྒྱས་དམན་མ་འམ།། ཡང་ར་བདག་དང་མཚན་མ་དག། སྒྲུབ་པའི་སྦྱོར་བར་སྦྱིན་སྲེག་བྱ།། སངས་རྒྱས་བཀའ་བཞིན་བྱེད་པར་འགྱུར།། ཨོཾ་བུད་དྷ་ཤ་ཀ།
176a4 ར་ཡ་ཛཿ། ཚིག་གི་སྦྱོར་བ་འདི་ཡིས་ནི།། སྦྱིན་སྲེག་བྱ་ཞིང་མྱུར་དུ་འགྲུབ།། རྡོ་རྗེའི་སྦྱོར་བས་དངོས་གྲུབ་ཀུན།། ཐེ་ཙོམ་མེད་པར་འགྲུབ་པར་འགྱུར།། རྡོ་རྗེ་རིགས་ལ་སོགས་ཀུན་ཀྱང་།། དེ་ནས
176a5 གསང་བ་ཕྱག་རྒྱ་ཆེ།། རྡོ་རྗེའི་རྣལ་འབྱོར་རབ་སྒྲུབ་ཕྱིར།། རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱ།། རིག་པ་གང་ཞིག་ཡིད་འོང་བ།། སྲིང་མོའི་རིགས་ནི་ཐོབ་བྱའི་ཕྱིར།། རིག་པའི་ལྷ་མོ་དང་ལྡན
176a6 པར་ད་ཤིན་ཏུ་རྣལ་འབྱོར་བསྒྲུབ་པར་བྱ།། བུད་མེད་སྡུག་དང་ལྷན་ཅིག་ཏུ།། མཁས་པས་འཇུག་པ་བསྟེན་པར་བྱ།། མདོ་སྡེ་གསང་དབང་རྒྱལ་པོ་ལས།། དེ་ཉིད་དུ་ནི་ཇི་སྐད་བཤད།། ཀུན་ཏུ
176a7 གུར་ཀུམ་ཕྱེ་མ་དང་།། བྷ་གར་མིག་སྨན་བཅུག་ནས་ནི།། དེ་ཡི་སེམས་དཔའ་ཤེས་པར་བྱ།། གང་ཕྱིར་དགོངས་པ་རབ་ཏུ་བསྒྲགས།། སྡུག་པ་དེ་ཡི་རིག་པ་ནི།། མངོན་པར་འདོད་པ་གང་ཡིན་འོང་།།




iiif viewer powered by OpenSeadragon

175b - 176b

Texts on this page

Ty062-001 - gsang ba rnal 'byor chen po'i rgyud rdo rje rtse mo