e-texts navigator
Collection
Volume
Page
Wylie

175b1 གསང་བའི་སྦྱིན་སྲེག་ཐམས་ཅད་ནི།། དེ་ནས་གཞན་ཡང་རབ་བཤད་བྱ།། སྦྱིན་སྲེག་འཁོར་ལོ་ཆོ་ག་ཡི།། དེ་ཉིད་དུ་ནིའི་བཞིན་གྱུར།། ཡས་ཤིང་ཚ་བ་དག་གིས་ནི།། ཤིན་ཏུ་དྲག་པས་མེ་སྦར་ནས། འཛིན།
175b2 རུང་ལྗགས་ཀྱུས་སྦྱིན་སྲེག་བྱ།། གདུག་པ་ཐམས་ཅད་རབ་འཇིགས་འགྱུར།། ཨོཾ་བཛྲ་བན་དྷ་ཡ་བཊ། མེ་ཏོག་དང་བཅས་ཤིང་མེལ།། རྡོ་རྗེ་ཁྲོ་བའི་ཏིང་འཛིན་གྱིས།། སྔགས་སོགས་འབྲས་བུའི་སྦྱིན
175b3 སྲེག་ནི།། དབང་དུ་བྱེད་པའི་མཆོག་ཡིན་ནོ།། ཨོཾ་བཛྲ་བ་ཤཾ་ཀ་རཱ་ཡ་སྭཱ་ཧཱ། ཁ་བ་དང་ནི་མངར་བ་ཉིད།། ཡམ་ཤིང་མངར་པོ་སྦྱར་བྱ་ཞིང་།། འདོད་པའི་མེ་ཏོག་འབྲས་བསོགས་ན།། འདོད་པའི་གཟུགས་ཅན
175b4 མཆོག་ཏུ་འགྱུར།། ཨོཾ་བཛྲ་ཀཱ་མ་རཱུ་པ་ཎེ་སྭཱ་ཧཱ། དེ་ནས་བུད་ཤིང་དེ་དག་ཉིད་ཀྱིས་ནི།། རབ་ཏུ་ཁྲོས་པས་མེ་སྦར་ནས།། སྨྱུག་མའི་འབྲས་བུ་ཕྲ་མོ་བསྲེགས།། མྱུར་དུ་མི་སྣང་ཉིད་དུ་འགྱུར།། ཨོཾ་བཛྲ་ཨརྦི
175b5 ཤ་ཡ་སྭཱ་ཧཱ། ཤེས་རབ་བུད་ཤིང་དེ་ཉིད་ཀྱིས།། དྲག་པོའི་མེ་ནི་རབ་སྦར་ནས།། ནམ་མཁའ་སྟོབས་ཀྱི་མེ་ཏོག་དག། བསྲེགས་ན་ནམ་མཁར་འགྲོ་བར་འགྱུར།། ཨོཾ་བཛྲ་ཁེ་ཙ་རི་ནི་སྭཱ་ཧཱ། དེ་ནས
175b6 མངག་གཞུག་པ་དང་གཡོག། བཀའ་བཞིན་བྱེད་པ་རབ་ཏུ་བསྐུལ།། ཅི་ནས་ཀྱང་ནི་མྱུར་འགྲུབ་པའི།། གོ་རིམས་བཞིན་དུ་རབ་བཤད་བྱ།། ཤིང་ནི་ཁ་བོས་བུད་ཤིང་བྱ།། ཐབ་ཁུང་རྡོ་རྗེའི་དབྱིབས
175b7 སུ་བཀོ།། ཁྲོས་པོས་རྡོ་རྗེ་མེ་ཏོག་སྲེག། ཡི་གེ་ང་ནི་ཡོངསུ་བརྗོད།། སྔགས་ཀྱི་སྦྱོར་བ་འདི་ཡིས་ནི།། རྡོ་རྗེའི་སྔགས་ནི་རབ་ཏུ་བསྐུལ།། རྡོ་རྗེ་མེ་ཏོག་དག་བསྲེགས་ན།། བཀའ་བྱེད་མཆོག




iiif viewer powered by OpenSeadragon

175a - 176a

Texts on this page

Ty062-001 - gsang ba rnal 'byor chen po'i rgyud rdo rje rtse mo