e-texts navigator
Collection
Volume
Page
Wylie

175a1 ཏུ་མཉམ་པར་བཞག་པས་སྦར།། འབྲས་ཀྱི་སྦྱིན་སྲེག་བྱས་ན་ནི།། བསོད་ནམས་ཚོགས་ནི་འཕེལ་བར་འགྱུར།། ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱ། བུད་ཤིང་མངར་པོ་དག་གིས་ནི།། @ཉམ།
175a2 པར་བཞག་པས་མེ་སྦར་ནས།། མར་བསྙུགས་ངུར་བའི་སྦྱིན་སྲེག་གིས།། རྡོ་རྗེ་ཚེ་ནི་མངོན་འཕེལ་གྱུར།། ཨོཾ་བཛྲ་ཨཱ་ཡུཥེ་སྭཱ་ཧཱ། ཡམ་ཤིང་དེ་དག་ཉིད་ཀྱིས་ནི།། དགེ་བ་འབྱུང་བས་མེ་སྦྱར་ནས།། ཀུ
175a3 ཤའི་མྱུ་གུ་ཏིལ་མར་གྱིས།། འཇིག་རྟེན་གསུམ་ཡང་སྲུང་བར་འགྱུར།། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། སྔོན་ལ་ཞི་བ་སྦྱར་བར་བྱ།། དབུས་ཀྱི་གཉིས་ལ་རྒྱས་དེ་བཞིན།། ནི་བ་དང་ནི་རྒྱས་པ་ཡི།
175a4 སྦྱིན་སྲེག་ལས་ནི་དང་བར་འགྱུར།། ཤིང་ནི་ཚ་བའི་ཡམ་ཤིང་གིས།། མངོན་སྤྱོད་ཀྱི་ནི་ལས་ངག་ལ།། མངོན་སྤྱོད་དང་ནི་བཅས་པ་ཡི།། དགུག་པ་ལ་ཡང་དེ་ཉིད་ཀྱི།། རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས།།
175a5 སྔོ་ལ་ཚ་བའི་ཡམ་ཤིང་གིས།། ཁྲོས་པས་མེ་ནི་རབ་སྦར་ནས།། མཁས་པས་ཚེར་མས་སྦྱིན་སྲེག་བྱ།། ཚེར་མ་དང་བཅས་ཤིང་དག་ཀྱང་།། ཚེར་མ་ཅན་གྱིས་ངེས་པར་དགུག། གང་དང་གང་ནི་འདོད
175a6 གྱུར་པ།། སངས་རྒྱས་རྣམས་ནི་ངེས་པར་འགུགས།། ཨོཾ་བཛྲ་ཨཱ་ཀཪྵ་ཡ་ཛཿ། བུད་ཤིང་མེ་ཏོག་དམར་སོགས་ཀྱིས།། རབ་ཏུ་འབར་བའི་མེ་སྦར་ནས།། མེ་ཏོག་འབྲས་བུ་དམར་པོ་ཡང་།། སྦྱིན
175a7 བྱས་ན་དབང་བྱེད་མཆོག། ཧཱུཾ་བཛྲ་པཱ་ཤ་ཡ་ཛ། ཚ་བའི་ཡམ་ཤིང་དག་བྱ་ཞིང་།། རབ་ཏུ་དྲག་པའི་མེ་སྦར་ནས།། འབྲས་བུ་ཁ་བ་བསྲེགས་བྱས་ན།། མངོན་སྤྱོད་ཀྱི་ནི་མཆོག་ཡིན་ནོ།། ཧཱུཾ་བཛྲ་མཱ་ར་ཡ་ཕཊ།




iiif viewer powered by OpenSeadragon

174b - 175b

Texts on this page

Ty062-001 - gsang ba rnal 'byor chen po'i rgyud rdo rje rtse mo