| | e-texts navigator
|
173a1 རྗེ་ཆགས་པས་རབ་མཆོད་པས། བསྒྲུབ་པར་བྱ་ཞེས་ཡང་དག་སྦྱར།། ཨོཾ་བཛྲ་ར་ཏི་རཱ་ག་ས་མ་ཡེ་ཧཱུཾ་། རྡོ་རྗེ་ལེགས་པ་རང་བདག་ཉིད། སྐོམ་ནི་ང་རྒྱལ་བ་མཉེས་པར་གྱུ
173a2 རྡོ་རྗེ་ལེགས་པས་རབ་མཆོད་པས། སངས་རྒྱས་ཐམས་ཅད་དགུག་པར་བྱ།། ཨོཾ་བཛྲ་སྭ་དྷུ་ཀ་མནཱ་ན་ས་མ་ཡེ་ཧཱུཾ་ཛ། རྡོ་རྗེ་རིན་ཆེན་རྒྱལ་པོ་ཆེ།། རང་བདག་ཉིད་ནི་བསྒོམ་པར་བྱ།། དེ་བཞིན
173a3 གཤེགས་རྣམས་དཔབ་བྱ་ཞིང་།། རིན་ཆེན་ཆར་ནི་ཀུན་ཏུ་དབབ།། ཨོཾ་བཛྲ་བྷ་ཀུ་ཊཱི་བ་ཤཱི་ཀུ་རུ་ཧཱུཾ། རྡོ་རྗེ་ཉི་མར་རང་བདག་ཉིད།། འོད་ཟེར་འཕྲེང་བ་དང་ལྡན་སྒོམ།། སངས་རྒྱས་རྣམས་ནི་དབང་།
173a4 བྱ་ཞིང་།། ཕྱོགས་རྣམས་སུ་ནི་འོད་ཟེར་སྤྲོ།། ཨོཾ་བཛྲ་སཱུརྱ་མཎྜལ་བ་ཤྲཱི་ཀུ་རུ་ཧཱུཾ། བདག་ནི་རྒྱལ་མཚན་སྦྱོར་བ་ཆེ།། དེ་བཞིན་གཤེགས་རྣམས་དབང་བྱ་ཞིང་།། སེམས་ཅན་བསམ་ཀུན་རྫོགས
173a5 པར་བྱ།། རིན་ཆེན་རྒྱལ་མཚན་རབ་ཏུ་མཆོད།། ཨོཾ་བཛྲ་དྷཱ་ཛཱ་གྲ་ཀེ་ཡུ་རེ་བ་ཤཱི་ཀུ་རུ་ཧཱུཾ། ཧ་ཧ་ཞེས་དགོད་བཞད་བྱ་ཞིང་།། རྡོ་རྗེ་བཞད་པ་བདག་ཉིད་དེ།། སངས་རྒྱས་ཐམས་ཅད་དབང་དུ་བྱ།
173a6 བཞད་པའི་མཆོད་པས་རབ་ཏུ་མཆོད།། ཨོཾ་བཛྲ་ཨརྠ་ཧཱ་སེ་ན་པ་ཤི་ཀུ་རུ་ཧཱུཾ། བདག་ནི་པདྨའི་རྒྱལ་པོ་ཉིད།། བཙུན་མོ་བརྟན་པ་རང་བྱུང་བ།། བདག་གིས་སངས་རྒྱས་རྗེས་ཆགས་བྱ།། འདོད་ལ་ཆགས
173a7 པས་རབ་ཏུ་མཆོད།། ཨོཾ་བཛྲ་པདྨ་རཱ་ག་ཡ་ཧཱུཾ། བདག་ནི་རང་ཉིད་རྣོན་པོ་སྟེ།། ཤེས་རབ་ཕ་རོལ་ཕྱིན་པ་བརྟན།། བདག་གིས་ཉོན་མོངས་གཅད་བྱ་ཞིང་།། དེ་བཞིན་གཤེགས་རྣམས་ཆགས་པར་བྱ།།
iiif viewer powered by OpenSeadragon
172b - 173b