| | e-texts navigator
|
172b1 དྲུ་དབང་ཕྱུག་ཆེན་པོ་དང་བཅས་པ།། ལྷ་རྣམས་ཐམས་ཅད་དགུག་བྱ་ཞིང་། བདག་ཉིད་རྡོ་རྗེ་ཁྲོ་བ་ཡས།། ཁྲོ་བོའི་མཆོད་པས་རབ་ཏུ་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀམ་ས་མ་ཡ་བི་དྷི་བི་སཱ་།
172b2 ཏྲཻ་ལོ་ཀྱ་བི་ཥ་ལེ་ཤྭ་ར་སརྦ་དུཐཱན་མ་ཧཱ་ས་མ་ཡ་བཛི་ཧཱུཾ་ཁྲོ་གཉེར་ཅན་ཀུན་ང་བདག་ཉིད།། ཁྲོ་བོ་རིན་ཆེན་གྱིས་བསྒོམ་བྱ། སངས་རྒྱས་ཐམས་ཅད་འཇིགས་བྱ་ཞིང་།། རིན་ཆེན་མཆོད་པས་རབ་ཏུ
172b3 མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་པཱ་ཤ་ས་མ་བ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཨཱ་ཀ་རཱ་ཡ་བི་དྷི་བི་སྟཱ་ར་ས་མ་ཡ་ཧཱུཾ། ཆོས་ཀྱི་དབྱིངས་དང་མཚུངས་པར་སྣང་།། རྡོ་རྗེ་ཆོས་ནི་བརྟན་པ་བདག། ཆོས་ཀྱི་མཆོད་པར་རབ
172b4 མཆོད་པས།། སངས་རྒྱས་ཐམས་ཅད་མཆོད་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་སྥ་ར་ཎ་མ་ཧཱ་པཱུ་ཛ་བི་དྷི་བི་སྟཱ་ར་ས་མ་ཡ་ཧཱུཾ། བདག་ཉིད་རྡོ་རྗེ་ལས་ཉིད་ནི།། སངས་རྒྱས་རྣ་འཕྲུལ་བསྒོམ་པར་བྱ།།
172b5 སངས་རྒྱས་ཐམས་ཅད་མཆོད་བྱ་ཞིང་།། ལས་ཀྱི་མཆོད་པས་རབ་ཏུ་མཆོད།། ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀ་དྷཱ་ཏུ་ཛཱི་བི་ཏ་མ་ཧཱ་ཀརྨ་པཱུ་ཛ་བི་དྷི་བིསྟཱ་ར་ས་མ་ཡ་ཧཱུཾ། ཕྱག་ན་རྡོ་རྗེ་བདག་རྡོ་རྗེ།། དེ་བཞིན་གཤེགས
172b6 རྣམས་དགུག་པར་བྱ།། རྡོ་རྗེ་སེམས་དཔའ་རབ་མཆོད་པས།། མཆོད་པ་རུ་ནི་བསྒོམ་པར་བྱ།། ཨོཾ་བཛྲ་སཏྭ་སིདྡྷི་ཛྙཱ་ན་ས་མ་ཡེ་ཧཱུཾ་ཛ། རྡོ་རྗེ་ལྕགས་ཀྱུ་བརྟན་པའི་མཆོག། རྟག་ཏུ་བདག་ཉིད་བསྒོམ
172b7 པར་བྱ།། སྒོམ་པ་བསྒྲུབ་པར་བྱ་བའི་ཕྱིར།། སངས་རྒྱས་ཐམས་ཅད་དགུག་པར་བྱ།། ཨོཾ་བཛྲ་ཨཱ་ཀཪྵ་ཛྙཱ་ན་ས་མ་ཡེ་ཧཱུཾ་ཛ། རྡོ་རྗེ་ཆགས་པ་བདག་ཉིད་དེ།། བཀུག་པ་རྣམས་ནི་མཉེས་པར་བྱ།། རྗེ
iiif viewer powered by OpenSeadragon
172a - 173a