e-texts navigator
Collection
Volume
Page
Wylie

96b1 ཐམས་ཅད་ལ།། དྲག་ཤུལ་ཆེ་ཞིང་འཇིགས་པར་བྱེད།། དེ་ལ་ཐོག་མར་སྔགས་པས་ཡིད་དུ་འོང་བའི་གནས་གང་ཡང་རུང་བའི་གནས་ལ་དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ།། དེ་ལས་གནས་གསུངས་པ་ནི།། དུར
96b2 ཁྲོད་དམ། ཆུ་ཀླུང་གི་འགྲམ་མམ། ཤིང་གཅིག་གམ། མཚན་མ་གཅིག་པ་འམ། བཞི་མདོ་འམ། རིའི་རྩེ་མོ་འམ། ཁང་སྟོང་ངམ། མ་མོའི་ཁྱིམ་མམ། ལྷའི་ཁང་པ་འམ། འཐབ་མོའི་གནས་སམ། གྲོང་ཁྱེར
96b3 རམ་ནག་ཁྲོད་དམ། གྲོང་ལ་སོགས་པའི་གནས་སུ་སྔགས་པ་གནས་ཏེ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྡོ་རྗེའི་འཁོར་ལོའི་མིང་གི་རྒྱུད་འདིར་དབང་བསྐུར་བའི་རྣལ་འབྱོར་པས་དབང་དང་། དགུག་པ་དང
96b4 གསད་པ་དག་དང་། བསྐྲད་པ་དང་། དབྱེ་བ་དང་། རེངས་པ་དང་། རལ་གྲི་དང་། མིག་སྨན་དང་། ས་འོག་དང་། རིལ་བུ་དང་། གསེར་འགྱུར་དང་། བཅུད་ཀྱིས་ལེན་པ་དང་། ནོར་དང་། འབྱུང་པོ་དང་། རོ་ལངས་དང་། ཤརྦ
96b5 དང་གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། ཀླུ་ལ་སོགས་པའི་ཆོ་ག་འདིས་བསྒྲུབ་པར་བྱའོ།། དེ་ལ་ཆོ་ག་ནི་དང་པོར་རེ་ཞིག་སྔགས་པས་རོ་བསྲེགས་པའི་ཐལ་ཆེན་གྱིས་ལུས་བྱུགས་ཏེ། མཚན་ཕྱེད་ན་གཅེར་བུ
96b6 སྐྲ་གསིལ་བ་བྱས་ལ། འཕགོས་པ་མ་ཧེའི་གདོང་ཅན་གྱི་རྣལ་འབྱོར་གྱིས་དུར་ཁྲོད་ལ་སོགས་པར་དཀྱིལ་འཁོར་བྲིས་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། དྲིལ་བུ་དར་གྱི་འཕར་ལ
96b7 སོགས།། མེ་ཏོག་འཕྲེང་བས་རྣམ་པར་ཀླུབས།། གྲཝ་རྣམས་དག་ནི་ཐམས་ཅད་དང་།། སྒོ་ཁྱུད་ཀྱི་ནི་ཕུགས་དག་ཏུ།། རྡོ་རྗེ་རིན་ཆེན་གྱིས་སྤྲས་པ།། ཟླ་བ་ཕྱེད་པ་དེ་བཞིན་ནོ།། དེ་དབུས་འཁོར་ལོ་བྲི་བ་ནི།། རེའུ་མིག




iiif viewer powered by OpenSeadragon

96a - 97a

Texts on this page

Ty061-004 - dpal rdo rje 'jigs byed kyi chen po'i rgyud ces bya ba