| | e-texts navigator
|
72b1 བཅུ་ཡིན་པར་གསུངས་སོ།། དུས་གསུམ་དུ་འབྱུང་བའི་རྒྱལ་བ་ཐུགས་རྗེའི་རོ་གཅིག་པ་རྣམས་ཀྱི་གསང་བ་དག་དང་། གསང་ཆེན་དང་། ཡེ་ཤེས་རྣམས་པ་གསུམ་གྱི་སྙིང་པོ་བསྟན་པ་དག་ནི་སློབ་དཔོན་གྱི་ཁ་ནས
72b2 བླ་མ་ལ་གུས་པའི་སློབ་མས་ཤེས་པར་བྱའོ།། བླ་མས་དམ་ཚིག་ཇི་ལྟར་ལྟ་བར་བཞིན་གྱི་དབང་དུ་བྱས་ནས་བཤད་པར་བྱའོ།། བསྒྲིམས་ནས་སེམས་ཅན་རྣམས་ལ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང
72b3 ལྷག་པའི་རྣལ་འབྱོར་རྣམས་གོ་རིམས་བཞིན་བཤད་པར་བྱའོ།། འདི་མཐའ་དག་ནི་རྒྱུད་ཐམས་ཅད་ཀྱི་སྤྱིར་ཤེས་པར་བྱའོ།། དེ་ཁོ་ན་ཉིད་ཀྱི་དངོས་པོ་མཐའ་དག་ཡོངས་སུ་མི་ཤེས་པར་གསང་སྔགས
72b4 སྨྲ་བ་ང་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་གྱིས་གསང་སྔགས་ཀྱི་ཆོ་ག་འཆད་པར་བྱེད་ན་དམ་ཚིག་ཐམས་ཅད་ཉམས་པར་འགྱུར་རོ།། དམ་ཚིག་ལས་ཉམས་ན་བདུད་ཀྱིས་གཟུང་བར་འགྱུར་རོ།། སྐྱེས
72b5 བུ་ཤི་ནས་དམྱལ་བའི་གནས་མི་བཟད་པ་ཆེན་པོར་འགྲོ་བར་འགྱུར་རོ།། སེམས་ཅན་ལ་རྣམས་ལ་བརྟེན་ཏེ་བྱང་ཆུབ་ཐོབ་པར་འགྱུར་བས་སེམས་ཅན་ལ་བསླུ་བར་མི་བྱའོ་ཞེས་ཤེས་པར་བྱས་ནས
72b6 དེ་བཞིན་གཤེགས་པའི་ལམ་དེ་ཉིད་ལ་སེམས་ཅན་དེ་དག་སྦྱར་བར་བྱའོ།། གང་ཞིག་འདི་ལ་བརྩོན་པར་མ་བྱས་པ་དེ་དག་གིས་ནི་ལག་པ་དང་། རྐང་པ་དང་། མིགོ་སྦྱིན་པའི་དགའ་བ་སྤྱད་པ་དང་། དཀའ་ཐུབ།
72b7 ཇི་ལྟ་བུས་ཀྱང་སྡིག་པ་གཞོམ་པ་འམ། བདུད་རྩིའི་རོ་ཐོབ་པར་མི་ནུས་སོ།། རྣལ་འབྱོར་གཅིག་ཁོང་དུ་ཆུད་ནས་དབེན་པར་སོང་སྟེ་བསྒོམ་པར་བྱས་ན་སྡིག་པ་ལས་འགྲོལ་ཞིང་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན
iiif viewer powered by OpenSeadragon
72a - 73a