| | e-texts navigator
|
111a1 འཁོར་མོས་སྦྱར་བའང་དབང་དུ་འགྱུར་ཏེ། ཇི་སྲིད་འཚོབ་དུ་པོ་ཚོས་མང་ངོ་།། རབ་ཏུ་མཉམ་པར་གཞག་པའི་སྔགས་པས་མི་གཡོ་བའི་བསམ་གཏན་གྱིས་བྱའོ།། རྒྱད་པ
111a2 ལའང་མི་སྦྱིན་ནོ།། གལ་ཏེ་སྔགས་ཀྱང་མི་བསྟན། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་གྱི་བསམ་གཏན་གང་ལའང་མི་སྦྱིན། སྨྲ་བར་ཡང་མི་བྱ། སྔགས་ཀྱི་དབྱེ་བའང་མི་བྱ། བྲིས་སྐུའང
111a3 གང་གི་མདུན་དུའང་མི་འགྲམ་སྟེ། ཐང་ཁའང་གསང་བར་གཞག་གོ།། རྒྱུད་འདི་རབ་ཏུ་སྦྱོར་བ་དང་། བཟླས་པ་དང་། སྨྲ་བ་གཞན་སུ་ལའང་འགའ་ཙམ་ཡང་མི་སྨྲ། གལ་ཏེ་སྨྲས་ན་དཔལ་རྡོ་རྗེ་འཇིགས་བྱེད
111a4 དང་གཞན་ཡང་རྣལ་འབྱོར་མ་རྣམས་དང་། མཁའ་འགྲོ་མ་རྣམས་ཀྱིས་ཟའོ།། དམ་ཚིག་ཉམས་པར་འགྱུར་པས། དེའི་ཕྱིར་སྔགས་པས་སུ་ལའང་མི་སྦྱིན་ནོ།། དེ་ནས་དམ་ཚིག་མཉམ་པར་དང་།། རྣམ
111a5 པཔར་རྟོག་པ་མེད་པ་དང་། དམ་པའི་བརྟུལ་ཞུགས་ཅན་དཔའ་བོ་བླ་མ་ལ་གུས་པས་དུལ་བ་ཅན། དེ་བཞིན་གཤེགས་པའི་བསྟན་པ་ལ་ངེས་པར་འཛིན་པ། རྒྱུད་སྦས་པ། མི་ཁྲོ་བ། སྙིང་རྗེ་དང་ལྡན་པ
111a6 བཟླས་པ་དང་བསམ་ག་ཏན་ལ་ཕྱོགས་པ།། རྣམ་པར་སྨིན་པ་པ་ལ་ཛེམ་པ། འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་ནི་སློབ་མ་བཟང་པོ་སྟེ། དཀྱིལ་འཁོར་དམ་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་མཆོག་ཏུ་གུས་པ།
111a7 སྙིང་རྗེ་ཆེན་པོས་ཡིད་བརླན་པ། རྣམ་པར་རྟོག་པ་མེད་པ། མཆོག་ཏུ་བླ་མ་ལ་གུས་པ་རབ་ཏུ་རྟག་པ་ལ་ཤིན་ཏུ་རྣམ་པར་བསམས་ཏེ། བླ་མས་དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་སྦྱིན་ནོ།། །
iiif viewer powered by OpenSeadragon
110b - 111b