| | e-texts navigator
|
106a1 ཁྱི་དང་། ལུག་དང་། ཝ་རྣམས་སོ།། ཞབས་གཡོན་པས་བྱ་རྒོད་དང་། ཞུག་པ་དང་། བྱ་རོག་དང་། མེཅོ་དང་། ཁྭ་དང་། ཁྱ་ཆེན་དང་། རི་སྐགས་དག་བཞད་རྣམས་སོ།། འདི་ལྟ་བུར
106a2 འདུག་པའི་རྡོ་རྗེ་འཇིགས་བྱེད་ཆེན་པོ་བྲི་བར་བྱའོ།། དེའི་འོག་ཏུ་དུར་ཁྲོད་ཆེན་པོའང་བྲི་བར་བྱའོ།། འཇིགས་པ་ཆེན་པོ་བྱེད་པ། སྲིན་པོ་དང་། ཞིང་སྐྱོང་བ་དང་། རོ་ལངས་དང་ལྡན་པ་སྐྱེས་བུ་མདུང་རྩེ་བཅུགས
106a3 པའི་གཟུགས་དེ་མཐོང་བར་བྱའོ།། ནྱ་གྲོ་དྷའི་ཤིང་དག་གི་སྟེང་དུ་སྐྱེས་བུ་འཕྱང་བ་བྲི་བར་བྱ།། སྐྱེས་བུ་བསྲེགས་བཞིན་པའང་བྲི།། མདུང་གིས་ཕུག་པའི་སྐྱེས་བུའང་བྲི། བྱ་སྣ་ཚོགས་དང་། བྱ་རོག་དང་། ཁྱི་དང་།།
106a4 ལྕེ་སྤྱང་དང་ཧ་ཧ་འབྱིན་པ་བྲི། སྒྲུབ་པ་པོ་རྣམས་ཀྱང་བྲི་སྟེ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བ་གཅེར་བུ་སྨྲ་བ་ཤིག་པ། ཕྱག་རྒྱ་ལྔས་བརྒྱན་པོ། ཅང་ཏེའུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ
106a5 ཐོད་པོས་སྤྱི་བོར་བརྒྱན་པ། དགོད་ཅིང་དུར་ཁྲོད་དེར་འཇུག་པ་བྲི། འདི་ནི་གསང་བའི་བྲིས་སྐུ་སྟེ། གནས་གཅིག་ཏུ་ལེགས་པར་བཞག་ལ། ཤ་ཆེན་གྱི་སྤོས་དབུལ། དེའི་མདུན་དུ་དུང་ཆེན་གྱི་འཕྲེང་བས
106a6 བཟླས་པ་བྱ། སྔགས་པ་མཉམ་པར་བཞག་པས་དུས་གསུམ་དུ་འབད་ལ་བྲིས་སྐུ་བསྲུང་ངོ་།། གཞན་གང་ཡང་མི་གཞག་གོ།། གཞན་གང་གིས་མདུན་དུའང་མི་འགྲམ་མོ།། ཀླག་པ་དང་། བཏུང་བ་དང་། བཟའ
106a7 བ་དང་། སྟོན་མོ་ནི་ཤི་ཆེན་རྟག་ཏུ་མཚན་མོ་བཟའ་འོ།། གལ་ཏེ་མཆོག་གི་དངོས་གྲུབ་འདོད་ན་དུས་གསུམ་དུ་རྣམ་པར་སྣང་མཛད་དང་ཁྲག་གི་སྤོས་བྲིས་སྐུའི་མདུན་དུ་དབུལ་ལོ།། འདི་ནི་འཇམ་དཔལ་འཇམ་པའི
iiif viewer powered by OpenSeadragon
105b - 106b