e-texts navigator
Collection
Volume
Page
Wylie

367b1 མགྲིན་པར་གཞག་གོ།། ཐུགས་ཀྱི་རིགས་ཀྱི་བདག་པོས་ཀྱང་། ཧཱུཾ་སརྦ་ཏཱ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཞེས་ཐུགས་ཀར་རྡོ་རྗེ་གཞག་གོ།། ཡོན་ཏན་གྱི་རིགས་ཀྱི་བདག་པོས་ཀྱང་།
367b2 སྭཱ་སརྦ་ཏ་ཐཱ་ག་ཏ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་མཱཾ། ཞེས་རྒྱ་གྲམ་དང་ལྟེ་བར་རིན་པོ་འབར་བ་གཞག་གོ། ལས་ཀྱི་རིགས་ཀྱི་བདག་པོས་ཀྱང་། ཧཱ་སརྦ་ཏ་ཐཱ་ག་ཏ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་རཱྀནཱཾ། ཡེ་ཤེས
367b3 ཀྱི་ཁྲོ་རླུང་སྐུ་ཆུང་ལ་སྤྱན་ཆེ་བ། རྡོ་རྗེ་དང་སྡིགས་མཛུབ་འཛིན་པ། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་ཁུ་དང་། མཐིང་ཁ་ལ་སོགས་ཏེ་སྣ་ཚོགས་པའི་ཁྲོ་ཆུང་མཐོན་ཏོ།། འཐོན
367b4 པར་གྱུར་ཏོ།། དེ་དག་གི་བྱིན་གྱི་རླབས་ཀྱིས་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ།། སྲེག་པའི་བསྐལ་པའི་སྒྲ་ཙམ་ཡང་དྲག་པར་གྱུར་ཏོ།། དེ
367b5 ངག་ཚུར་འདུས་ཤིང་ནམ་མཁའ་ལ་བབས་ནས་འཁོར་ལོ་འབར་བའི་ལྕེ་དབུས་སུ་གནས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གཅིག་གིས། རོ་ཤ་ཎ་ཡཀྵ་གྲྀཧྞ་གྲྀཧྞ་ཕཊ། ཅེས
367b6 གསུངས་པ་ལས་ཡེ་ཤེས་ཀྱི་ཁྲོ་བོ། སྐུ་དུག་ཧ་ལ་ནག་པོའི་མདོག་ལྟར་འཚར་བ། ཡེ་ཤེས་རྔམ་པའི་སྤྱན་གསུམ་བསྐལ་པའི་གློག་ལྷར་འཁྱུག་ཅིང་གདུག་པ་ཉི་མའི་འོད་ཟེར་བཞིན་གང་ལ་བལྟས་པ
367b7 བརླག་ནུས་ཤིང་ཚ་བ། སྨིན་མ་ཇམ་པའི་གློག་དྲག་པོ་བཞིན་སེར་ནག་ཏུ་འབར་བས་གཏི་མུག་དང་ཉོན་མོངས་པའི་མུན་པ་སེལ་བར་བྱེད་པ། སྨར་སེར་ནག་ལ་ཡེ་ཤེས་ཀྱི་མེ་འབར་བ། ཉོན་མོངས་པའི




iiif viewer powered by OpenSeadragon

367a - 368a

Texts on this page

Ty060-012 - dpal rdo rje gtum po thugs gsang ba'i rgyud dpal gtum po