| | e-texts navigator
|
363a1 པའི་བདེ་བར་གཤེགས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུས་འགྲོ་བའི
363a2 དོན་མཛད་དོ།། བརྗོད་མེད་དོན་གྱི་གསུང་དང་། དགོངས་པ་བརྡའི་གསུང་དང་། ཚངས་པ་དབྱངས་ཀྱི་གསུང་དང་། དབྱེར་མི་ཕྱེད་པའི་གསུང་དང་། རིག་པའི་བྱིན་གྱི་རླབས་ཀྱི་གསུང་གིས
363a3 འགྲོ་བའི་དོན་མཛད་དོ།། ཆོས་ཀྱི་དབྱིངས་ཀྱི་ཐུགས་དང་། མེ་ལོང་ལྟ་བུའི་ཐུགས་དང་། མཉམ་པ་ཉིད་ཀྱི་ཐུགས་དང་། སོ་སོར་ཀུན་རྟོག་གི་ཐུགས་དང་། བྱ་བ་གྲུབ་པའི་ཐུགས་ཀྱིས་འགྲོ
363a4 བའི་དོན་མཛད་དོ།། གནས་དང་། གདན་ཁྲི་དང་། འཁོར་དང་། འདུལ་བའི་ཞིང་དང་། སྐུ་འོད་ཟེར་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་དོ།། ཞི་བ་དང་། རྒྱས་པ་དང་། དབང་དང་།།
363a5 དྲག་པོ་དང་། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་དོ།། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་རིགས་ལྔ་དང་རིགས་གསུམ་ལ་སོགས་པའི་སངས་རྒྱས་ཀྱིས་སེམས
363a6 ཅན་འདུལ་བའི་དུས་ལ་བབ་པར་གཟིགས་ནས། མ་ཆགས་པའི་ཐུགས་རྗེས་རྣམ་པ་སྣ་ཚོགས་པའི་སྤྲུལ་པས་འགྲོ་བའི་དོན་མཛད་པའོ།། དེའི་ཚེ་ན་ལྷ་མ་སྲིན་ཤིན་ཏུ་དྲེགས་པ་དང
363a7 དྲེགས་པའི་རུ་དྲ་ཞིན་ཆགས་ཀྱི་འདམ་ན་གནས་པ། ང་རྒྱལ་གྱི་རི་རབ་ལ་གནས་པ། ཕྲག་དོག་གྱི་རླུང་སེམས་ལ་འཚུ་བ་པ། གཏི་མུག་མུན་པའི་གཡུང་དྲུང་ན་གནས་པ་ཀ་དེ་ལྟ་བུ་དག
iiif viewer powered by OpenSeadragon
362b - 363b