| | e-texts navigator
|
359b1 བོཔོ་དང་མཚུངས་སོ།། སྟོང་ཉིད་སྤྲོས་མེད་རང་བཞིན་ལས།། སྒྱུ་མའི་སྐུ་ནི་ཡོངས་འབྱུང་ཞིང་།། དང་པོ་སྟོང་ཉིད་རྡོ་རྗེ་སྟེ།། གཉིས་པ་ལ་ནི་ཡི་གེ་ཧཱུཾ།། གསུམ་པ་རྡོ་རྗེ་རྩེ་དགུ་པ།། བཞི་པ
359b2 བཅོམ་ལྡན་གསང་བའི་བདག། ལྔ་པ་ལྷ་ནི་ཡོངས་སུ་རྫོགས།། མེ་ལོང་དང་ནི་མཉམ་ཉིད་དང་།། ཆོས་དབྱིངས་ཡེ་ཤེས་ལས་གྲུབ་པའི།། སྐུ་ནི་ཡེ་ཤེས་པདག་ཉིད་དོ།། དེ་རྫོགས་ཡེ་ཤེས
359b3 ཆེན་པོའོ།། ཡེ་ཤེས་སྐུ་ལས་ཡེ་ཤེས་ཀྱིས།། སྤྲུལ་པའང་ཡེ་ཤེས་ཉིད་དུ་གནས།། འཁོར་བའི་ཉོན་མོངས་ལས་འདས་ནས།། མི་རྟོག་ཡེ་ཤེས་ཕུང་པོ་ལ།། གསང་བའི་བདག་ཉིད་ལེགས་པ
359b4 བཞུགས།། རྣམ་གྲོལ་རྣམ་དག་གྲོལ་བའི་རྒྱུ།། སྔགས་དབྱིབས་ཆོས་བདག་དོན་རྣལ་འབྱོར།། སྐད་ཅིག་སྐད་ཅིག་ཡེ་ཤེས་ལས།། སྒྱུ་མ་ལྟ་བུའི་སྒྱུ་མའི་སྐུ།། སྒྱུ་མ་ཉིད་ལ་རྣམ་གྲོལ་ཚེ།། ཀྱེ་ཀྱེ་ཧ་ཧ།
359b5 དཔའ་བོ་ཆེ།། གླུ་ཡི་སྒྲར་གྱུར་འཇིགས་བྱེད་པོས།། གསང་བའི་བདག་པོ་རྡོ་རྗེ་ཅན།། ཉོན་མོངས་ལས་རྒྱལ་འཇིགས་སུ་རུང་།། དབང་ཕྱུག་ཁམས་གསུམ་ལས་རྒྱལ་བའི།། དེ་བས་བརྩོན་ལྡན་གང
359b6 ཡིན་དེས།། ཤིན་ཏུ་སྒྲུབ་པས་བསྒྲུབ་པར་བྱ།། བསྟན་པའི་ཡིད་སོས་པར་བྱེད་པས།། རྒྱལ་བ་གསང་བའི་བདག་པོའོ།། དེ་ནས་གསང་བའི་བདག་པོ་ཉིད་དངོས་གྲུབ་ངེས་པར་འབྱུང་བ་རྡོ་རྗེ་ཞེས
359b7 བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་དང་། གསུང་དང་། ཐུགས་རྣམ་པར་དག་པའི་རྡོ་རྗེ་ལས་བྱུང་བ། ཨོཾ་བཛྲ་པཱ་ཎི་སརྦ་ཨརྠ་སིདྷ་ཀུ་རུ་ཀུ་རུ་སྭཱ་ཧཱ། ལྷ་ཀླུ་མི་མིན་དྲི་ཟ་འམ།། ཡང་ན་མི་ཡི
iiif viewer powered by OpenSeadragon
359a - 360a