| | e-texts navigator
|
352b1 ཀུ་ཤ་དག་ཀྱང་དགྲམ་བྱས་ཏེ།། ལས་ཀྱི་བུམ་པས་བསང་བར་བྱའོ།། ཞི་བཞོ་དང་མར་དང་ནི།། འོ་མ་དྲི་ཞིམ་མེ་ཏོག་དཀར།། འབྲས་དང་ནས་དང་གྲོ་དང་ནི།། ཞོ་ཡི་ཆ་དང་བསྲེས་པ་དབུལ།། རྒྱས་པ་ཞོ་སྔགས
352b2 དཀར་གསུམ་སྟེ།། མངར་གསུམ་འབྲས་བུ་གསུམ་དག་སྟེ།། ལམ་ཤིང་འོ་མ་ལོ་འདབ་བཅས།། ཏིལ་ནི་དཀར་པོ་ཤིས་པའོ།། ཁྭ་དང་འུག་པ་བྱ་རོག་དྲུན།། སེ་ཚེ་ནིམ་པ་ཉུངས་ཀར་དང་།། ཁྲག་གིས་སྔགས
352b3 པའི་རྫས་ཀུན་ཏེ།། ཡམ་ཤིང་ཚིར་མ་མར་དག་དང་།། ཤ་དང་ཚིལ་དང་གཟུགས་བཅས་པ།། ཏིལ་ནི་ནག་པོ་ཤིས་པའོ།། ཤར་དུ་བལྟས་ན་ཞི་བ་སྟེ།། བྱང་དུ་བལྟས་ན་རྒྱས་པའོ།། ནུབ་ཏུ་བལྟས་ན་དངང
352b4 དུ་སྡུད།། ལྷོ་རུ་བལྟས་ཏེ་གསད་པར་བྱའོ།། སྦྱིན་སྲེག་བྱས་པས་ལས་ཀུན་འགྲུབ།། གཡས་བརྐྱང་གར་གྱིས་གདུག་པ་སྟེ།། གཡོན་བརྐྱང་བས་ནི་གསད་པའོ།། བུམ་པ་ཁ་དོག་སྔོན་པོ་སྟེ།། གནས
352b5 ལྕགས་སོར་ནི་བཅུ་དྲུག་ཚད།། སྨན་ལྔ་འབྲུ་ལྔ་རིན་པོ་ཆེ།། འབྲས་གསུམ་འབྲུ་གསུམ་བཅས་པ་སྟེ།། དྲི་ཞིམ་ལོ་འདབ་བཅས་པའི་ཤིང་།། བ་ཡི་རྣམ་ལྔ་ཁྲུ་དོ་ཚད།། གྲུ་བཞི་ཁྲུ་གང་ཟླུམ་པོ་སྟེ།
352b6 སེང་ལྡེང་བཞི་ལ་བྱས་པ་ཡི།། ཕུར་པ་ཚོན་སྣ་དང་བཅས་པའི།། དཀར་གསུམ་མངར་གསུམ་བཅས་པ་ཡི།། གདེངས་ཀ་ཅན་ལ་དབུལ་བར་བྱའོ།། གྲུབ་པ་ཁྲུས་བྱ་བསྲུང་བར་བྱའོ།། འབྲས་ཆན་བུ་རམ
352b7 ཧྭགས་དང་ནི།། འབྲུ་མི་ཆན་དང་དྲི་ཞིམ་དང་།། དཀར་གསུམ་མངར་གསུམ་ཆུ་དག་དང་།། མདུན་དུ་བྱས་ཏེ་ཕྱོགས་རྣམས་སུ།། ཤ་དང་ཁྲག་དང་རུས་པ་དང་།། ནས་དང་འབྲས་དང་གྲོ་ལ་སོགས།། ལ་ཕུག
iiif viewer powered by OpenSeadragon
352a - 353a