| | e-texts navigator
|
351b1 ལྔ་དང་ལྡན་པ་ཡི།། མཆོད་པ་ལྔ་དང་ལྡན་པས་མཆོད།། སྒྲུབ་པོ་དག་ནི་བསྙུན་ལྡན་པས།། རྨི་ལྷས་རིམ་པ་གསལ་བ་ཡིས།། ནང་པ་དག་ལ་ཚོན་སྣས་བཅིང་།། བཅོམ་ལྡན་འདས་མགོན་ཞལ
351b2 གསུམ་ལྡན།། ཕྱག་དྲུག་རྡོ་རྗེ་བསྡིགས་པ་གཡོན།། དྲག་པོ་ཐལ་མོས་འཇིགས་པར་བྱེད།། ཐ་མ་སྦྲུལ་གདུག་རི་རབ་མནན།། མཁའ་ལ་རྫུ་འཕྲུལ་དང་ལྡན་བདུད།། དགའ་རབ་དབང
351b3 ཕྱུག་ཐོད་འཕྲེང་ཅན།། བུམ་སྣ་སེན་དགུ་ཤ་ཟ་བདུད།། བཙུན་མོ་མེ་ཏོག་མཛེས་པ་དང་།། འོད་ཟེར་འཕྲོག་དང་མདངས་འཕྲོག་མ།། གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་འཁོར།།
351b4 མ་ལུས་བཅས་པའི་སྔགས་འདི་ནི།། གནང་ལ་བོར་བའི་སྲོག་སྔགས་སོ།། པྲེ་ཏ་པི་ཤཱ་ཙ་ཀ་བི་དཱ་ར་ཎཱ་ཡ་ཧཱུཾ་པཊ། པྲེ་ཏ་པི་ཤཱ་ཙ་ཀྲོ་དྷ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། པྲེ་ཧ་པི་ཤཱ་ཙ་ནཱི་ལཾ་བ་ས་ནཱ་ཡ་ཧཱུཾ།
351b5 པཊ། པྲེ་ཏཱ་པི་ཤཱ་ཙ་ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཕཊ། པྲེ་ཏཱ་པི་ཤཱ་ཙ་པ་ར་ཀྲ་མཱ་ལ་པཊྚ། པྲེ་ཏ་པི་ཤཱ་ཙ་ཀྲྀ་ཏཱན་ཏ་ཡ་ཕཊྲ། པྲེ་ཏ་པི་ཤཱ་ཙ་ཀྲྀཏྭཱན་ཏ་རཱུ་པཱ་ལ་ཕཊ། པྲེ་ཏ་པི་ཤཱ་ཙ་རོ་ཥ་ཎཱ་ཡ་ཕཊ། ཉི་མ
351b6 ཟླ་བ་དག་གི་བར་དུ་རླུང་ལ་བསྐྱོན་ཏེ་ཚོན་སྣ་ལྔས་བཅིངས་ཏེ་བསྐྲད་པར་བྱའོ།། མཆོད་རྟེན་སྐུ་གདུང་ལྡན་པའི་དྲུང་།། མཎྜལ་མེ་ཏོག་བཅས་པའི་སྟེང་།། སྦྱང་བས་ཁྱི་ལི་ཤལ་སྒྲུག།
351b7 རྨི་ལྷས་རིམ་པ་ལྡན་པས་བརྟག། བརྒྱད་ཁྲི་ཞབས་ནུབ་འཇིགས་པའི་མེ།། གད་རྒྱངས་བཞད་མཛད་ཞལ་གསུམ་པ།། ནག་པོ་ཞབས་གདུབ་གདུག་པ་འཛིན།། སྟོབས་ཆེན་རབ་ཏུ་གནོན་པའོ།།
iiif viewer powered by OpenSeadragon
351a - 352a