| | e-texts navigator
|
351a1 ཡཀྵ་ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཕཊ། ཡཀྵ་བ་རཱ་ཀྲ་མཱ་ཡ་ཕཊ། ཡཀྵ་ཀྲི་ཏཱ~ཾ་ཏཱ་ཡ་ཕཊ། ཡཀྵ་ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། ཡཀྵ་རོ་ཥ་ཎྜ་ཡ་ཕཊ། དེ་སྐད་ཅེས་བཀའ་སྩལ་ནས་ཐམས་ཅད་དང་།
351a2 དུ་འདུས་པར་འགྱུར་རོ།། གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལས། གསང་བའི་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། དེ་ནས་ཆོ་ག
351a3 ཡང་དག་བཤད།། མཎྜལ་མེ་ཏོག་བཅས་པའི་སྟེང་།། མཆོད་རྟེན་སྐུ་གདུང་ལྡན་པ་དང་།། བུམ་པ་སྔོན་པོ་མགུལ་ཆིངས་བཅས།། མཆོད་པ་རྣམ་ལྔ་དང་ལྡན་པས།། སྒྲུབ་པོ་དག་ནི་བསྣུན
351a4 ལྡན་པས།། རྨི་ལྷས་རིམ་པ་གསལ་བ་ཡིས།། ནད་པ་དག་ལ་ཉུང་སྔགས་སོ།། བཅོམ་ལྡན་མགོན་པོ་ཞལ་གསུམ་དམར།། ཕྱག་དྲུག་རྡོ་རྗེ་བསྡིགས་པ་གཡོན།། དྲག་པོའི་ཐལ་མོས་འཇིགས
351a5 པར་བྱེད།། ཐ་མ་སྦྲུལ་གདུག་རི་རབ་མནན།། འཁོར་དུ་གནོད་སྦྱིན་ཆེན་པོ་སྟེ།། ཤ་ཟ་རབ་འཇིགས་རལ་པ་ཅན།། གདོང་སེར་སེང་གདོང་གནོད་སྦྱིན་མོ།། བོང་བུའི་རྣ་བརྣ་བ་འཕྱང་།། རལ་པ་གྱེན
351a6 འགྲེང་རལ་གྲི་སོ།། གནོད་སྦྱིན་འཁོར་དེ་ལྔ་བརྒྱར་བཅས།། ཡཀྵ་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ཡཀྵ་ཀྲོ་དྷ་སཱ་དྷ་ནཱ་ཡ་ཧཱུཾ་ཕཊ། ཡཀྵ་ནཱི་ལཾ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཡཀྵ་པྲ་ཏི་ཧ་ཏ་པ་ལཱ་ཡ་ཧཱུ~ཾ་ཕཊ། ཡཀྵཱ་པ་རཱཀྲ།
351a7 མཱ་ཡ་ཕཊ། ཡཀྵ་ཀྲྀ་ཏཱན་ཏ་རཱུ་པཱ་ཡ་ཕཊ། ཡཀྵ་རོ་ཥ་ཎཱ་ཡ་ཕཊ། ཅེས་བརྗོད་དོ།། ཆུ་ལ་བསྔགས་ཤིང་གཏོར་ན་གནོད་སྦྱིན་གྱི་གདོན་ལས་ཐར་རོ།། མཆོད་རྟེན་སྐུ་གདུང་ལྡན་པའི་དྲུང་།། ཚོན་སྔ
iiif viewer powered by OpenSeadragon
350b - 351b