| | e-texts navigator
|
343a1 འདོད་པ་ཡང་དག་འབྱུང་།། རྡོ་རྗེ་ཡེ་ཤེས་ཕྱག་འཚལ་བསྟོད།། གཙོ་བོའི་ཡེ་ཤེས་ཇི་ལྟར་གནས།། རྡོ་རྗེ་མི་བྱེད་གསུམ་གནས་པ།། རིགས་ཀྱི་ཕ་རོལ་ཕྱིན་པ་ཐོབ།། བྱང་ཆུབ
343a2 སྤྱོད་ལ་ཕྱག་འཚལ་བསྐྱོད།། སེམས་ཅན་ཀུན་སྐྱེས་ཅན་གྱི་མཆོག། སངས་རྒྱས་བྱང་ཆུབ་རབ་བཞུགས་མཛད།། རང་བཞིན་དག་པ་དག་པའི་མཆོག། སེམས་ཅན་སྐྱོབ་ལ་ཕྱག་འཚལ་བསྟོད།
343a3 ཆོས་སྐུ་ཐར་པ་ཆེན་པོ་སྟེ།། ཡིད་བཞིན་ནོར་བུ་མཐོང་བ་ཆེ།། སེམས་ཅན་ཀུན་དགྱེས་བྱེད་པ་པོ།། དག་པའི་སྤྱོད་ལ་ཕྱག་འཚལ་བསྟོད།། དེ་ནས་ཡང་ཡིད་བཞིན་ནོར་བུའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི
343a4 བྱང་ཆུབ་སེམས་དཔས།། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དེའི་མཐོང་བའི་ཆོས་ཀྱི་ཡོན་ཏན་གྱི་ཁྱད་པར་སོ་སོར་འདོད་པར་བྱ།
343a5 བ་གང་ཇི་ལྟར་ལགས། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཐེ་ཚོམ་མེད་པར་མཉམ་པར་ཤེས།
343a6 སངས་རྒྱས་ཆོས་སུ་འདོད་པར་བྱ།། ཐེ་ཚོམ་མེང་བར་འདུ་ཤེས་པ།། ཆོས་རྣམས་ཐམས་ཅད་འདོད་པར་བྱ།། ཐེ་ཚོམ་མེད་པར་འདུ་ཤེས་པ།། འདུ་བྱས་ཐམས་ཅད་འདོད་པར་བྱ།། འདི་ལྟ་སྟེ།
343a7 རིགས་ཀྱི་བུ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྤྲིན་གྱི་ས་ལ་རབ་ཏུ་གནས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད
iiif viewer powered by OpenSeadragon
342b - 343b