| | e-texts navigator
|
246a1 བསམ།། རབ་ཏུ་འབར་བ་དེ་ཡིས་དུག། དེ་ནས་ལག་གཡས་བསམ་པ་ནི།། ཟླ་བ་ཧཾ་གིས་རྣམ་པར་བརྒྱན།། ཁ་དོག་དཀར་པོར་སོར་མོར་དགོད།། དེ་ལྟར་སྒྲུབ་པ་པོ་ལ་བྱ།། དྲྀ་བྷཱི་ཛི་ཎཱི་ས
246a2 དྷ་དགོད།། ལས་རྣམས་ཀུན་ནི་འགྲུབ་པར་བྱེད།། བསྒྲུབ་བྱའི་མགོ་བོ་ནས་བརྩམས་ཏེ།། རྐང་པའི་མཐའ་ཡི་བར་དུ་སྐེམ།། ཆུ་རྒྱུན་རྒྱུན་མི་འཆད་པ་ནི།། དུག་ནི་འོག་བཏང་རིམ་པ་ཡིས།། འདིར་ནི་སྔགས་འདི་བཟླས
246a3 བྱ་སྟེ།། རྟ་མགྲིན་དུ་ནི་མངོན་པར་བརྗོད།། ན་མཿས་མནྟ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ། ཏ་རུ་ལ་བི་རུ་ལ། སརྦྦ་བི་ཥ་གྷཱ་ཏ་ཀ་ཏ་ཀ་ཛྭ་ལི་ཏི་བི་སཱུ་ལི་ཀ། ཨཊ་ཊ་ཧཱ་ས་ནཱ་ད་ས་ཧི་ཏཱ། ཀ་ས་རི་ས་ཧོ་པ་ཏཾ་ཨད་དེ་བཛྲ་ལུ།
246a4 རགྷ་ཏ་ན། ཙ་ཏ་བ་སུ་དྷ་ཏ་ལ་ནི་ཤཱ་ས་མ་རུ་ཏ་ཨུཏ་ཀྵིཔྟ་དྷ་ར་ཎི་དྷ་ར། བི་ཥ་ན་ཨརྠ་ཧཱ་ས་ཨ་པ་ར་མི་ཏ་ཝ་ལ་པ་རཱ་ཀྲ་མ་ཨཱརྱ་ག་བྷ་ཏི། བུད་དྷ་བུད་དྷ་། ཧ་ཡ་གྲཱི་བ་ཁ་ཁ་ཙཱིན་དཙྪིན་ད། ཨཱ་བེ་ཤ་ཡ། སརྦྦ་པྲ་ཧེ་ཥུ། ཨ
246a5 པྲ་ཏི་ཧ་ཏེ་བྷ་ཝ། བཛྲ་དཾཥྚ་ཀིཉྩི་རཱ་ཡ་སི་ཨི་དཾ་དུཥྚ་གྲ་ཧཾ་དཾཥྚ། སརྦྦཾ་བཱ། དྷུ་ན་དྷུ་ན། མཐ་མ་ཐ། མད་ད་མ་ད། བུདྡྷ་བྷཱ་རཿ། བུདྡྷ་དྷརྨཱ་སཾ་གྷ་ཨ་ནུ་ཛྙཱ་ན་ཀརྱཾ་ཀུ་རུ་སྭཱཧྨ། ཆེ་གེ་མོའི་དུག་ལ་སོགས་པ་སེལ་བར་མཛོད་ཅིག་ཧཱུཾ་ཞེས་བྱ
246a6 བ་དང་སྔགས་སྤེལ་ལོ།། རྩ་བའི་རྒྱུད་ཀྱི་རྗེས་འབྲངས་ཏེ།། ལྷག་མ་རྒྱས་པར་ཤེས་པར་བྱ།། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་འཕྲེང་བའི་མངོན་པར་རྟོགས་པ་ལས། ཁྲོ་བོའི་བཟླས་པ་དང་ཞི་བ་ལ་སོགས་དངོས
246a7 གྲུང་བརྒྱད་ཀྱི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ།། དེ་ནས་གཞན་ཡང་བཤད་པར་བྱ།། དངོས་གྲུབ་ཐམས་ཅད་བསྡུས་པ་ནི།། སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག། དངོས་གྲུབ་ལ་སོགས་མཚན
iiif viewer powered by OpenSeadragon
245b - 246b