e-texts navigator
Collection
Volume
Page
Wylie

245b1 བྱའི་མིང་བཀུག་ནས།། མཚན་བྱེད་ཀྱི་ནི་དུས་སུ་ནི།། ཀུན་ནས་ཞག་བདུན་པར་དུ་བྱ།། བསྐྲད་པར་ཡང་ནི་འགྲུབ་པར་འགྱུར།། ན་མཿས་མ་ནྱ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་དྷཾ། ན་མོ་བཛྲ་ཀྲོ་དྷ་ཡ། མཧཱ་དཥྚོཏ་ཀཊྚ
245b2 དྷཻ་ར་བཱ་ཡ། ཨ་སི་མུ་ས་ལ། པ་ར་ཤུ་བཱ་ཤ་ཧསྟཱ་ལེ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྡྷ་གཱརྞྞ། སྥོཊ་སྥོཊ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦྦ་དྡྷ།
245b3 བི་ནཱ་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདིས་གདུག་པའི་སེམས་ཅན་ནི།། བསྐྲད་པའི་དོན་དུ་བྱས་པ་ཡིན།། ཞི་བའི་ལས་ནི་བཤད་བྱ་བ།། གཞན་གྱིས་མི་ཐུབ
245b4 མིང་དང་ནི།། ཁྲོ་བོ་གསུམ་པ་བཟླས་ནས་ནི།། མ་དང་སྦྲུལ་སོགས་ཞི་བར་བྱེད།། ལག་པ་གཉིས་ལ་ཉི་མ་གཉིས།། དེ་ལ་ཧཱུཾ་གཉིས་བསྒོམ་པར་བྱ།། བསྒྲུབ་བྱའི་མགོ་ལ་ལག་གཉིས་ཀྱིས།། བྲབས
245b5 ལ་དེ་ལ་ཞུགས་ནས་ནི།། བསྒྲུབ་བྱའི་སྙིང་ལ་དེ་གཉིས་ཀྱིས།། འབྱུང་པོ་སྲེགས་པར་བསམ་པར་བྱ།། མེ་དང་འབྱུང་པོ་འཇིགས་བྱེད་པའི།། འདི་ཡི་སྔགས་ནི་བཤད་པར་བྱ།། ན་མཿས་མནྟ་ཀཱ་ཡ
245b6 བཱཀ་ཙིཏྟ་བཛྲཱ་ཎཾ། ཨོཾ་ཨ་པ་རཱ་ཛཱི་རཱི་ཏི་རི་ཏི་རཱི་ཛི་ཧཱུཾ་ཕཊ། ཆེ་གེ་མོ་འབྱུང་བ་གདོན་ལས་གྲོལ་བར་མཛོད་ཅིག། དྷཱིཿདུག་སེལ་བ་ཡི་སྔགས་ཀྱིས་ནི།། བཞི་པ་བཤད་ཀྱིས་དེ་ཉེན་ཅིག། ཁྲོ་བོ་རྟ་མགྲིན
245b7 བཟླས་པས་ནི།། ཡང་དག་མི་མཚུངས་པ་ཡི་མཆོག། བསྒྲུབ་བྱ་སེམས་དཔའ་སུམ་བརྩེགས་སྒོམ།། སྙིང་ཁར་ཟླ་གནས་ཡེ་ཤེས་སེམས།། དེ་ཡི་འོད་ཟེར་གྱིས་རབ་གང་།། བསྒྲུབ་བྱའི་ལུས་ལ་མཆོག་ཏུ




iiif viewer powered by OpenSeadragon

245a - 246a

Texts on this page

Ty060-003 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba