| | e-texts navigator
|
244b1 གསོད་པ་ལའོ།། བྱམས་པའི་སེམས་ཀྱིས་ཞི་བ་ལ།། དགའ་བའི་སེམས་ཀྱིས་རྒྱས་པ་ལ། ཆགས་པའི་སེམས་ཀྱིས་དབང་དག་ལ།། ཁྲོ་བའི་སེམས་ཀྱིས་གསོད་པའོ།། ཞི་ལ་ཕལ་ཆེར་ཐོ་རངས་བྱ།། དེ
244b2 བཞིན་རྒྱས་པར་སྔ་དྲོ་བྱ།། དབང་དང་མངོན་སྤྱོད་དག་གི་ལས།། ཉི་མགུང་དང་མཚན་བྱེད་ལའོ།། དེ་ལྟར་རིགས་པར་ཡང་དག་བཤད།། སྔགས་ཀྱི་རྒྱུད་གསུངས་མཚན་ཉིད་ཀྱིས།། ཞི་བ་ལ་སོགས་དངོས
244b3 གྲུབ་བརྒྱད།། བློ་ལྡན་ཆོ་ག་བཞིན་དུ་སྒྲུབ།། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་འཕྲེང་བའི་མངོན་པར་རྟོགས་པ་ལས། སློབ་མའི་སྤྱོད་པ་རྣམ་པར་དག་པ་དང་ཞི་བ་ལ་སོགས་པའི་ལས་ཀྱི་འབྲས
244b4 བུ་བསྟན་པའི་ལེའུ་སྟ་དྲུག་ཅུ་རྩ་དྲུག་པའོ།། ། དེ་ནས་གཞན་ཡང་བཤད་ཀྱིས་ཉོན།། ཁྲོ་བོ་བཟླས་པའི་མཚན་ཉིད་ནི།། གང་གིས་རྣལ་འབྱོར་དངོས་གྲུབ་བཤད།། ཐོབ
244b5 འགྱུར་འདི་ལ་ཐེ་ཙོམ་མེད།། ཁྲོ་བའི་སེམས་ཀྱི་བཟླས་པ་ནི།། ཁྲོ་བོའི་བཟླས་པ་ཞེས་ནི་བརྗོད།། ཡང་ན་ཁྲོ་བོའི་རྒྱལ་པོ་རྣམས།། སྔགས་བཟླས་པ་ཡི་སྦྱོར་བ་ཡིས།། ཁྲོ་བོའི་བཟླས་པ་དེ་ཤེས་བྱ།། དངོས
244b6 གྲུབ་བརྒྱད་ཀྱི་འབྲས་བུ་སྩོལ།། འཇིགས་སུ་རུང་བའི་དུར་ཁྲོད་དུ།། འཇིགས་པ་འཇིགས་པར་བྱེད་པའི་གནས།། སྐྱེས་བུ་ཐོད་པ་ཁྲག་གིས་གོས།། རྨ་མེད་པ་ཡི་མཚན་ཉིད་བླངས།། སྐྱེས་བུའི་ཁྲུ
244b7 བཟླ་མཚན་དང་།། བསྲེས་ནས་བྲི་བར་བྱ་བ་ནི།། དེ་ན་བསྒྲུབ་བྱའི་རྣམ་པ་དང་།། གསལ་དང་འཇིགས་པ་སྐྲག་པ་དང་།། གཡོན་བརྐྱང་བ་ཡིས་མནན་ནས་ནི།། ཞག་བདུན་བར་དུ་དུས་གསུམ་དུ།། གཤིན
iiif viewer powered by OpenSeadragon
244a - 245a