| | e-texts navigator
|
244a1 ཡང་སྔགས་དང་རྡུལ་འབྱོར་རིམ་པ་ཡི།། ལྷམ་དང་གདུགས་དང་གཙུག་ཏོར་དང་།། སོ་ཅི་ལ་སོགས་བྱུང་བ་དང་།། སྦུབས་ཀྱི་གོང་བུ་མཆིལ་མ་སོགས།། འདོར་ཞིང་གང་བརྐྱོང་བ་དང་།
244a2 གཞན་དུ་བལྟ་དང་སྤྱི་བརྟོལ་སྔ།། ནོར་གྱིས་སེམས་དང་ངར་འཛིན་དང་།། རྒྱན་ལ་སོགས་པ་བལྟ་བ་དང་།། ངག་མེད་པར་ནི་སྤ་བ་དང་།། བླ་མའི་གྲིབ་མ་འགོམ་པ་དང་།། དེ་ལ་སོགས་པ་སྐྱོན་གྱི་ཚོགས།
244a3 བླ་མའི་མདུན་དུ་རྣམ་པར་སྤངས།། འཇིགས་པས་ཐལ་མོ་སྦྱར་ནས་ནི།། སྤྱི་བོར་ཕྱག་རྒྱ་བཀའ་ལུང་ནོད།། རབ་བདོག་ཀུན་གཏོང་དམ་བཅས་པས།། ངོ་མཚར་བཅས་ཤིང་གདོང་སྤད་པས།། སློབ་མསརྦྦ།
244a4 མའི་མདུན་གནས་བྱ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། བླ་མའི་མདུན་དུ་སློབ་མ་རྣམས།། དེ་ལྟ་བུ་སོགས་སྤྱོད་ཅེས་བྱ།། དམ་ཚིག་སྡོམ་པ་སྔར་བཤད་པ།། དེ་རྣམས་སློབ་མའི་སྤྱོད་པའོ།། དེ་ཡི་ཞི།།
244a5 སོགས་བྱ་བ་ནི།། བླ་མས་བསྟན་པར་བྱ་བའི་རིགས།། དེ་ལ་མདོར་བསྡུས་བཤད་པར་བྱ།། ཐུན་མོང་ཆོ་གའི་མཚན་ཉིད་ནི།། ཞི་བ་དང་ནི་རྒྱས་པ་གཉིས།། ཟླ་བ་ཡར་གྱི་ངོལ་བྱ།། དབང་དང་མངོན་སྤྱོད་ཀྱི་ནི
244a6 ལས་ཟླ་བ་མར་གྱི་ངོ་ལ་བརྩམས།། བྱང་དུ་ཁ་བལྟས་ཞི་བ་ལ།། དེ་བཞིན་རྒྱས་པ་ཤར་དུ་བལྟ།། དྲག་པོའི་ལས་ལ་ལྷོ་ཕྱོགས་སུ།། དབང་གི་ལས་ལ་ནུབ་ཏུ་བལྟ།། གསོད་པ་ཉིད་ལ་མེ་ཡི་ཕྱོགས།། སྔབ
244a7 བར་བྱ་ལ་བདེན་བྲལ་དུ།། གནས་ནས་བསྐྲད་ལ་རླུང་གི་ཕྱོགས།། རེངས་པ་ལ་ནི་དབང་ལྡན་ཕྱོགས།། ཞི་བའི་ཁ་དོག་དཀར་པོ་སྟེ།། རྒྱས་པ་ལ་ནི་སེར་པོ་བྱ།། དབང་དང་དགུག་པ་ལ་ནི་དམར།། ཁ་དོག་ནག་པོ།
iiif viewer powered by OpenSeadragon
243b - 244b