e-texts navigator
Collection
Volume
Page
Wylie

241a1 སྟེ་དྲུག་ཅུ་རྩ་གསུམ་པའོ།། ། དེ་ནས་གཞན་ཡང་བཤད་ཀྱིས་ཉོན།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི།། སྐུ་ནི་མགོ་བོར་གནས་པ་སྟེ།། སུམ་ཅུ་རྩ་གཉིས།
241a2 བྱང་སེམས་འབབ།། དེ་ནི་སོ་སོར་རབ་ཕྱེ་བས།། སྐུ་ཡི་འཁོར་ལོ་རུ་ཤེས་བྱ།། ཡི་གེ་ཕྱི་མོའི་དབྱེ་བ་ཡིས།། གསུང་ལ་གནས་པར་རབ་ཏུ་ཤེས།། ཆགས་སོགས་བག་ཆགས་དབྱེ་བ་ཡིས།། ཐུགས་ཀྱི་འཁོར་ལོ་རུ་ནི།
241a3 ཤེས་ཨུ་གསུང་ཐུགས་ཀྱི་བཤད་པ་ནི།། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། རྡོ་རྗེ་སློབ་དཔོན་ལུས་འདི་ལ།། རྒྱལ་བའི་སྐུ་ནི་རིམ་བཞིན་གནས།། དང་པོ་སྐུ་ཡི་རྡོ་རྗེ་ནི།། གཟུགས་ཕུང་ལ་ནི་ཡང་དག
241a4 བཞུགས།། དེ་རྗེས་ནུམ་མཁའ་རྡོ་རྗེ་ནི།། ཚོར་བ་ཡི་ནི་ཕུང་པོར་བཞུགས།། བཅོམ་ལྡན་གསུང་གི་རྡོ་རྗེ་ནི།། འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས།། ལས་རྣམས་ཀྱི་ནི་རྡོ་རྗེ་ནི།། འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས།།
241a5 བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི།། རྣམ་ཤེས་ཕུང་པོར་ཡང་དག་བཞུགས།། ཡང་འདིའི་ཤ་སོགས་ས་ཁམས་ལ།། བཅོམ་ལྡན་འདས་ཡུམ་སྤྱན་བཞུགས་སོ།། ཁྲག་སོགས་ཆུ་ཡི་ཁམས་ལ་ནི།། བཅོམ་ལྡན
241a6 འདས་ཡུམ་མཱ་མ་བཞུགས།། དྲོ་བ་ལ་སོགས་མེ་ཁམས་ལ།། བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས།། མི་བསྐྱེད་ལ་སོགས་རླུང་ཁམས་ལ།། བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས།། དེ་མིག་དང
241a7 པོ་གཉིས་ལ་ནི།། དེ་བཞིན་གཤེགས་པས་སྙིང་པོ།། དེ་ཡི་རྣ་བའི་དབང་གཉིས་ལ།། བདེ་གཤེགས་ཕྱག་ན་རྡོ་རྗེའོ།། དེ་ཡི་སྣ་བུག་གཉིས་ལ་ནི།། དེ་བཞིན་གཤེགས་པ་ནམ་མཁའི་མཛོད།། དེ་ཡི་ལྕེ་ཡི་དབང




iiif viewer powered by OpenSeadragon

240b - 241b

Texts on this page

Ty060-003 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba