| | e-texts navigator
|
240b1 ཡཾ་ནི་མིག་ཏུ་ཤེས།། ཨ་ད་ར་ནི་སོ་རུ་བརྗོད།། པལ་ལ་པོ་ནི་མཆུ་རུ་ཤེས།། པ་ཤ་མགྲིན་པ་རུ་ནི་གྲགས།། ཧཱུཾ་སོ་ཕྲག་པ་རུ་ནི་བཤད།། ཨ་གུ་རོ་ནི་དཔུང་པར་བརྗོད།། སོ་སོ་རུ་ནཱི་ལག་པར་བཤད།། ཤྲི་བང་ལེ་ནི་ནུ།
240b2 མར་བཤད།། ཛ་ཏ་པ་ལཾ་རྐང་པར་བརྗོད།། ད་ལ་ན་ནི་ལྟེ་བར་བརྗོད།། པདྨ་ཛ་ལམ་གསང་བའི་གནས།། ཀ་ཏི་བཀ་བརླ་གཉིས་སོ།། བི་སི་ཛྲ་དར་དུ་ནི་བཤད།། ཚྭ་གན་ནི་རྐང་པར་བརྗོད།། བར་ཨ་ཀ་ཀཾ
240b3 སར། སེན་མོ་ཞེས་ནི་ཡང་དག་བཤད།། པདྨ་གར་ནི་ག་ནི་སྣང་།། ཤ་ཀྲ་ཀུ་སུ་ལཾ་མལ་སྟན།། ཤག་ཏུ་བུ་ཞེས་བྱ་བར་བརྗོད།། ན་ལ་ནི་ནཱ་ལམ་སྟོན་མེད།། གོ་བག་ཥྨ་ལམ་ཐམས་ཅད་བརྗོད།། ས་ག་རཾ་ནི་རྒས
240b4 པར་བཤད།། ཨ་ལཾ་རོ་ནི་ཞིམ་པོར་བརྗོད།། ཨ་ཀྵ་རཾ་རིམ་མི་ཞིམ་བཤད།། མཱི་གཾ་མི་སྨྲ་བར་ནི་བཤད།། པ་གཽ་ལ་མུ་དཾ་གླུ་ལེན།། མི་ཏྲ་གར་ཞེས་བྱ་བར་བརྗོད།། ཤཔྱ་ཚུལ་འཆོས་སུ་ནི་བཤད།། སྤར་ཤ
240b5 ཞགས་པར་རབ་ཏུ་གྲགས།། རངས་སྒེག་མོ་ཡི་རོ་འབེབས་མ།། རུ་པཾ་རི་ཡི་རྩེ་མོའོ།། ཏྲ་ནེ་ཧ་ནི་བསད་པར་བཤད།། པཱ་རཱ་པ་ཏ་འཆི་བར་བརྗོད།། ཏ་མ་ལཱ་ཀོ་སེ་མ་ཡུལ།། པ་ལཾ་གྲོང་ཁྱེར་དུ་ནི་བརྗོད།། དྲན་གྲོང
240b6 དུ་བཤད་པ་ཡིན།། ཐུ་ནྱ་སྲོག་ཅེས་བྱ་བར་བཤད།། ཀུ་རུ་ཏ་ར་མཁས་པར་བཤད།། ན་ཡ་ན་ནི་རྣམ་ཤེས་བརྗོད།། ཨ་བྷི་ན་པཾ་དགོད་པར་བཤད།། རུ་དྷི་རན་འཆང་བར་བརྗོད།། ཀུ་མུ་ར་ནི་ཉིན་མོར་བཤད།།
240b7 ཀན་ཉ་མཚན་མོར་རབ་ཏུ་གྲགས།། ངས་ཉི་མ་ཕྱེད་དུ་བཤད།། ར་པི་མཚན་གྱི་ཆ་རུ་གྲགས།། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་འཕྲེང་བའི་མངོན་པར་རྟོགས་པ་ལས། གསང་བའི་ཚིག་བཤད་པའི་ལེའུ
iiif viewer powered by OpenSeadragon
240a - 241a