| | e-texts navigator
|
240a1 རུ་ཤ་ར་ནི་ཞུ་བར་ཤེས།། སྲེག་མ་དམ་གླ་རྩིར་བརྗོད།། ཙན་དྲ་མ་ནི་ཁྲག་ཏུ་བཤད།། ག་ནི་བཤད་པར་ཡོངས་སུ་གྲགས།། གྷ་ན་ཤ་ཆེན་དུ་ནི་བཤད།། ནི་ཛིད་དུ་ར་རུ་བརྗོད།
240a2 བྷ་ཧ་ནཾ་ནཱི་ཆུ་རུ་བཤད།། བནྡེ་ཡན་ལག་རབ་ཏུ་བཤད།། ཤུ་པཾ་བཟང་པོ་ཞེས་ནི་བརྗོད།། ཧེ་ནི་ཚིམ་པ་ཞེས་ནི་གྲགས།། མརྒ་ལྟོགས་པ་རུ་ནི་བརྗོད།། བྷི་ཏི་ལཾ་དུ་བཤད་པ་དང་།། ཁྱོ་མ་གཽ་ནི་ཕ་རོལ་དཔུང་།།
240a3 ཀ་མ་ཡ་ནི་གྱིས་ཤིག་བརྗོད།། ན་ག་རཾ་ནི་བདག་ལུས་བརྗོད།། པ་ཏ་ཀ་ནི་ཉོས་ཤེས་བརྗོད།། ཨ་ཛ་ཡ་ནི་མེ་ཞེས་བརྗོད།། ཤ་ཁཾ་ཟ་བ་ཞེས་ནི་བརྗོད།། ར་གམ་འདོར་ནི་ཆོ་ག་བརྗོད།། ཤ་ཏ་ཀཾ་ནི་བཟའ་བར
240a4 བརྗོད།། ཅི་འདྲ་བ་ནི་སྔགས་ཞེས་བརྗོད།། ཤ་རཾ་ཁྱི་འཚེད་ཤ་ཞེས་བརྗོད།། རཾ་པ་ཀ་ནི་བླ་མར་བཤད།། ཀ་ཡ་འདིར་ནི་རྒྱལ་རིགས་བརྗོད།། ར་གཾ་རྗེ་རིགས་ཞེས་ནི་བཤད།། བེ་རཾ་རྒྱ་ནི་དམངས་རིགས་བརྗོད།།
240a5 ཙ་བཾ་རིགས་ངན་ཞེས་ནི་བརྗོད།། ཤ་ར་སྨེ་ཤ་ཅན་དུ་བརྗོད།། བྷ་ག་ཙ་གྲཾ་ཀོ་ལྤགས་མཁན།། ཁང་ཀོམ་རོ་སྲེག་མ་རུ་བཤད།། ས་མན་ཏྲ་ནི་རྒྱལ་པོར་བརྗོད།། མི་རཾ་མ་ཡི་རིང་དུ་བརྗོད།། བྷ་ར་ཧ་གང་ཞེས་ནི།
240a6 བཤད།། བིཔླུ་ཕག་ཅེས་བརྗོད་པར་བྱ།། པ་ལ་ཤ་ནི་ཉ་ཞེས་བརྗོད།། དེ་ན་མར་སྐྱེས་བུ་ནི་བཤད།། ནམ་ཧཱུཾ་སྦྱིན་སྲེག་ཏུ་ནི་བཤད།། མཎྜ་ཨ་ཧཱ་འདབ་ཆགས་བརྗོད།། ཧི་ར་པྱཱ་ནི་མེ་ཏོག་བརྗོད།། ཤ་དྲུལ་ལམ་ནི།
240a7 སྤོས་སུ་བཤད།། མཱ་ལ་ཏྲི་ནི་དྲི་རུ་བཤད།། ཤ་ཀུ་ནི་ཀ་མར་མེར་བཤད།། ཀ་ཤི་ཀོ་ནི་གེས་སུ་བཤད།། ཀཾ་ས་ར་ནི་གདོང་དུ་བརྗོད།། བ་ཏྲཾ་དཔྲལ་བ་ཞེས་སུ་བཤད།། མ་ལ་སྨིན་མར་ཡང་དག་གྲགས།། ཀོ་བ་ལ
iiif viewer powered by OpenSeadragon
239b - 240b