e-texts navigator
Collection
Volume
Page
Wylie

239b1 རྒྱ་སྟོན།། མི་བསྐྱོད་རིགས་ལས་བྱུང་བར་ཤེས།། མཚན་མོའི་ས་ནས་འགྲོ་བའི་མཆོག། ཐུང་ངུ་ལྷོ་སྦོམ་ཁ་དོག་དཀར།། བྱིན་པ་སྦོམ་ཞིང་ཤིན་ཏུ་མཛེས།། ས་སྤྱོད་མར་ནི་ཤེས་པར་བྱ།། དུང་གི་ཕྱག་རྒྱ་ལན་ཡིན་ནོ།།
239b2 རྣམ་པར་སྣང་མཛད་རིགས་ལས་བྱུང་།། མིག་ཡངས་རྫི་མ་སྡུག་པ་དང་།། ཡན་ལག་ཀུན་ལ་བསྡུས་བརྒྱན།། སྔོ་བསངས་མིག་ནི་དམར་བ་དང་།། ཡན་ལག་ཕྲ་ཞིང་དཔུང་པ་རིང་།། དེ་ནི་མཁའ་འགྲོ་མ་རུ་གྲགས།། དོན།
239b3 ཡོད་གྲུབ་པའི་རིགས་ལས་བྱུང་།། དེ་འདྲ་བ་ཡིས་རབ་མཐོང་ནས།། བ་དན་གྱི་ནི་ཕྱག་རྒྱ་དང་།། གཡོན་པའི་ཕྱག་རྒྱའི་ལན་ཡིན་ནོ།། དེ་ལྟར་འབད་པས་ཤེས་ནས་ནི།། མཁས་པས་མཚན་མོ་སོང་ནས་ནི།། དེ་ལ་ཅུང
239b4 ཞིག་འཇིགས་མི་བྱ།། གང་ཕྱིར་དེ་ཉིད་གང་མཆོད་བྱ།། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་འཕྲེང་བའི་མངོན་པར་རྟོགས་པ་ལས། ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་རྣལ་འབྱོར་མ་དང་འདྲེ་བའི་ལེའུ་སྟེ་དྲུག
239b5 ཅུ་རྩ་གཉིས་པའོ།། ། དེ་ནས་གཞན་ཡང་བཤད་ཀྱིས་ཉོན།། གསང་བའི་ཚིག་གི་བཤད་པ་དང་།། རྡོ་རྗེའི་གནས་སོགས་གནས་རྣམས་སུ།། རིགས་ཀུན་ལས་བྱུང་རྣལ་འབྱོར་མ།
239b6 མཚན་མོ་འདུ་བའི་དམ་ཚིག་ནི།། འདི་འདྲ་བ་ཡི་ཚིག་རྣམས་དང་།། དེ་ལྟ་བུ་ཡི་གསང་བ་ནི།། བཤད་ཀྱིས་དང་བའི་སེམས་ཀྱིས་ཉོན།། སཾ་པོ་ཏ་ཀཾ་ཆང་འཐུང་བ།། བི་ར་ཤ་རུ་མངོན་པར་བརྗོད།། ན་ལི་ནི་པ་ཏཾ་ཐོད་དང་།།
239b7 ཀུ་ལ་ལ་མིའི་རུས་པའི་རྒྱན།། ཀུན་ད་རཾ་འདོད་ཡང་དག་སྦྱོར།། ཙ་རི་རོ་དྲུག་བཟའ་བའོ།། སཾ་པུ་ཏཾ་དབང་པོ་གཉིས་སྦྱོར་བ།། ཨ་ལི་གང་ཡོད་པ་ཡི་མིང་།། ཤང་རིམ་ག་ཀཾ་སྐལ་ཡོད་ཤེས།། ཙི་ཏྲ་ཀཾ་ནི་སྐལ་མེད་ཤེས།།




iiif viewer powered by OpenSeadragon

239a - 240a

Texts on this page

Ty060-003 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba