e-texts navigator
Collection
Volume
Page
Wylie

237a1 གཉིས།། གཉིས་ཀ་འབྱུང་བ་བླངས་ནས་ནི།། པདྨོའི་སྣོད་དེར་གཞག་པར་བྱ།། མཚན་ཉིད་བཟང་པོར་ཞག་བདུན་དུ།། གླང་པོ་རྟ་ཁྱི་བ་ལང་མི།། དཔྱིད་ཟླ་ཐ་ཆུང་གཉིས་ཀ་ཤར།
237a2 སྐྱེ་གནས་ནས་ནི་བླངས་ནས་ནི།། དེ་བཞིན་དེ་རུ་རིམ་པ་བཞིན།། པར་སྣོད་དེ་ཉིད་ལ་ནི་དེར།། ཞག་བདུན་བར་དུ་གཞག་པར་བྱ།། ཉིན་ཞག་ཉི་ཤུ་རྩ་གཅིག་ཏུ།། ཡི་གེ་གསུམ་ནི་སྔགས་བཟླས་བྱ།།
237a3 འདུ་འཛི་མེད་ཅིང་དབེན་པའི་གནས།། ཙན་དན་བཟང་པོ་བྱུགས་ནས་ནི།། ཛཿཧཱུཾ་བཾ་ཧོཿའི་སྔགས་བཀོད་པའི།། པདྨོའི་སྣོད་ལ་གཞག་པར་བྱ།། ར་ཡི་འོ་མ་ཏིལ་གྱི་མར།། མར་དང་ལི་ཁ་དཀར་པོ་དང་།
237a4 ཆ་བསྡམས་བསྐོལ་བ་བྱས་ནས་ནི།། དེ་དང་ལྷན་ཅིག་སྣོད་བཞག་བསྲེ།། རྒྱ་ཤུགས་ཚིག་གུ་ཚད་ཙམ་གྱིས།། བློ་དང་ལྡན་པས་རིལ་བུ་བྱ།། གྲིབ་མ་ལ་ནི་བསྐམ་བྱས་ནས།། རིམ་གྱིས་བསྐྱེད་ཅིང་བཟག
237a5 པབཔར་བྱ།། རྡོ་རྗེ་མིང་སྲིང་སྤུན་དང་ནི།། རྣལ་འབྱོར་མ་དང་ལྷན་ཅིག་བཟའ།། ཟླ་བ་གཅིག་ནས་དེ་ནས་ལྷག། མཛའ་བོ་རྣམས་དང་ཡང་དག་བསྒོ།། མར་ངོའི་ཚེས་བརྒྱད་ཚེས་བཅུ་འམ།། ཡང་ན་བཅུ་བཞི
237a6 ནས་བརྩམས་ཏེ།། དེ་ལ་གཏོར་མ་བྱ་བ་ནི།། ལས་ཀུན་ལ་ནི་བླ་ན་མེད།། དེ་ལས་ཀྱང་ནི་དངོས་གྲུབ་སྐྱེ།། ཕྱག་རྒྱ་ཆེན་པོ་མངོན་རྫོགས་དང་།། དངོས་གྲུབ་རྒྱས་དང་ཞི་བ་སོགས།། དེ་ཡིས་འབད་མི་དགོས
237a7 པར་ཐོག། རླུང་གི་དེ་ཉིད་ཡང་དག་སློབ།། མཁའ་སྤྱོད་ཉིད་ནི་ཐོབ་པར་འགྱུར།། རྣལ་འབྱོར་ཆེན་པོའི་དྲུང་དཔལ་རྡོ་རྗེ་འབྲང་བའི་མངོན་པར་རྟོགས་པ་ལས། བདུད་རྩི་ལྔ་བཟའ་བའི་ཆོ་གའི་ལེའུ་རྩེ




iiif viewer powered by OpenSeadragon

236b - 237b

Texts on this page

Ty060-003 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba