e-texts navigator
Collection
Volume
Page
Wylie

235a1 བུའི་ཏིང་འཛིན་གྱིས།། དངོས་དག་ཀུན་ལས་རྣམ་པར་རོལ།། སངས་རྒྱས་མཛད་པ་བྱེད་བཞིན་དུ།། གཏན་ལ་ཕབ་པའི་གཞི་ལ་གནས།། ལོ་རྣལ་འབྱོར་ལྷག་པའི་རྣལ་འབྱོར་དང་།
235a2 རྣལ་འབྱོར་ཆེན་པོ་རང་ཉིད་འགྱུར།། རྡོ་རྗེ་ཅན་དང་མཁའ་འགྲོ་མ།། གང་ཡང་རྣལ་འབྱོར་དེ་རང་ཉིད།། ཥྚི། དགག་པ་དག་ཀྱང་བྱེད་པས་ན།། བྱ་དང་བྱ་མིན་རྣམ་སྤངས་ཏེ།། པདྨ་ལ་ནི་འདམ་གྱིས་བཞིན།།
235a3 ངོ་བོ་ཉིད་ཅེས་གོས་མི་འགྱུར།། བྷ། ཡོན་ཏན་བརྒྱད་དང་ཉེར་ལྡན་པས།། སེམས་ཅན་ཐམས་ཅད་རིགས་འགྱུར་ཞིང་།། འཇིག་རྟེན་ཁམས་ནི་མ་ལུས་པར།། བདག་ཉིད་ཡེ་ཤེས་ལུས་ཀྱིས་སྤྱོད།།
235a4 གཙོ་བོ་གང་དུ་སྤྱོད་པ་ཡི།། དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད།། བདེ་བ་ཆེན་པོའི་ཏིང་འཛིན་གྱིས།། དེ་ཉིད་དུ་ནི་རྟག་ཏུ་རོལ།། ཥ། འདི་ལ་སྣང་བ་དབྱེ་བ་ལ།། ཐུན་མཚམས་ཉིན་མོ་མཚན་མོ་ཡི།། འཇིག
235a5 རྟེན་ཐ་སྙད་བྱས་པ་ཡིས།། ཡེ་ཤེས་གསུམ་ནི་མཐོང་ཕྱིར་རོ།། གི། སྣ་ཚོགས་པ་ཡི་ཐ་སྙད་དྲག། འཇིག་རྟེན་པས་ནི་ཡོངས་བརྟགས་པ།། ལན་གསུམ་གྱི་ནི་དབྱེ་བ་ཡིས།། ཡེ་ཤེས་གསུམ་ལ་འབྱུང་བའོ།།
235a6 ཛཿསྐྱེ་དང་གནས་དང་འཇིག་པ་དང་།། སྲིད་པ་བར་མར་གནས་པ་སྟེ།། ཇི་སྲིད་འཇིག་རྟེན་གྱིས་བརྟགས་པ།། སེམས་ཀྱི་རླུང་ནི་རྣམ་འཕྲུལ་ལོ།། ཧ། རྒོད་དང་རྩེད་མོ་བྱེད་པ་དང་།། གར་གྱི་ཉམས་དགུར
235a7 ལྡན་པ་དང་།། སྔགས་དང་ཕྱག་རྒྱ་རྣམ་རྟོག་པ།། རྡོ་རྗེ་སེམས་དཔའི་སྤྱོད་པའོ།། 8་བདག་བྱིན་རླབས་ཆེན་མ་གཏོགས་པ།། རིན་ཆེན་གཞན་དག་འདི་ན་མེད།། མེ་ཡིས་སྦྱངས་པའི་ནོར་བུ་བཞིན།། རང




iiif viewer powered by OpenSeadragon

234b - 235b

Texts on this page

Ty060-003 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba