| | e-texts navigator
|
438b1 བདུད་དང་འཇིག་རྟེན་དབང་དུ་མཛད་མ།། ཕྱག་འཚལ་ས་གནི་སྐྱོང་བའི་ཚོགས་རྣམས།། ཐམས་ཅད་འགུགས་པར་ནུས་མ་ཉིད་མ།། ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས།། འཕོངས་པ་ཐམས་ཅད
438b2 རྣམ་པར་སྒྲོལ་མ།། ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན།། བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།། རལ་པའི་ཁུར་ན་འོད་དཔག་མེད་ལས།། རྟག་པར་ཤིན་ཏུ་འོད་ནི་མཛད་མ།།
438b3 ཕྱག་འཚལ་བསྐལ་པ་མཐའ་མའི་མེ་ལྟར།། འབར་བའི་འཕྲེང་བའི་དབུས་ན་གནས་མ།། གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའ།། དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།
438b4 ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གིས།། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་རྡུང་མ།། ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས།། རིམ་པ་བདུན་པོ་རྣམས་ནི་འགེམས་མ།། ཕྱག་འཚལ་བདེ་མ
438b5 དགེ་མ་ཞིམ།། མྱ་ངན་འདས་ཞི་སྤྱོད་ཡུལ་ཉི་མ།། སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས།། སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བས།། དགྲ་ཡི་ལུས་ནི་རབ
438b6 ཏུ་འགེམས་མ།། ཡི་གེ་བཅུ་པོའི་ངག་ནི་བཀོད་པའི།། རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ།། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས།། ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ།། རི་རབ་མན་ད་ར་དང
438b7 འབེགས་བྱེད།། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།། ཕྱག་འཚལ་ལྷ་ཡིས་མཚོ་ཡི་རྣམ་པའི།། རི་དགས་རྟགས་ཅན་ཕྱག་ན་བསྣམས་མ།། ཏཱར་གཉིས་བརྗོད་ཕཊ་ཀྱི་ཡི་གེས།། དུག་རྣམས
iiif viewer powered by OpenSeadragon
438a - 439a