| | e-texts navigator
|
438a1 རྣམས་ཀྱིས།། རབ་ཏུ་ཕྱེ་བའི་འོད་རབ་འབར་མ།། ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི།། པདྨས་ཕྱག་ནི་རྣམ་པར་བརྒྱན་མ།། སྦྱིན་པ་བརྩོན་འགྲུས་དཀའ་ཐུ་བ་ཞི་པ།། བཟོད
438a2 པ་བསམ་གཏན་སྤྱོད་ཡུལ་ཉིད་མ།། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།། མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།། རྒྱལ་བའི་སྲས་ཀྱིས་ཤིན་ཏུ
438a3 བསྟེན་མ།། ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེ། འདོད་དང་ཕྱོགས་དང་ནམ་མཁའ་གང་མ།། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།། ལུས་པ་མེད་པར་འགུགས་པར་ནུས་མ།། ཕྱག་འཚལ་བརྒྱ་བྱིན་མེ
438a4 སྒྲ་ཚངས་པ།། རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།། འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་།། གནོད་སྦྱིན་ཚེགས་ཀྱིས་མདུན་ནས་བསྟོད་མ།། ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས།། ཕ་རོལ
438a5 འཁྲུལ་འཁོར་རབ་ཏུ་འཇོམས་མ།། གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ།། མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ།། ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ།། བདུད་ཀྱི་དཔའ་བོ་རྣམ
438a6 པར་འཇོམས་མ།། ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།། དགྲ་བོ་ཐམས་ཅད་མ་ལུས་གསོད་མ།། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི།། སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།
438a7 མ་ལུས་ཕྱོགས་ཀྱིས་འཁོར་ལོས་བརྒྱན་པའི།། རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི།། དབུ་རྒྱན་འོད་ཀྱི་འཕྲེང་བ་སྤེལ་མ།། བཞད་པ་རབ་བཞད་ཏུཏྟཱ་ར་ཡིས།།
iiif viewer powered by OpenSeadragon
437b - 438b