| | e-texts navigator
|
246b1 རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟོབས་བཅུ་ལྡན་པས་སངས་རྒྱས་བྱང་ཆུབ་ལུང་བསྟན་ཏོ།། མོག་ཤམ་བུ་ནི་ལུས་མེད་མ་ལུས་ཡོན་ཏན་རང་བཞིན་གང་ཞིག་རྡུལ་ཕྲན་འདུས་པ་རྣམས།། སྨོན།
246b2 ནིནམ་མཁའི་མེ་ཏོག་མིན་ཏེ་གོང་དུ་རགས་པའི་ལུས་ལ་ཞུགས་ནས་གློག་ཅིང་དགོད།། སྲོག་ཆགས་བྱ་རོག་རྭ་མིན་བསོད་ནམས་སྡིག་པའི་དབང་གིས་གང་ཞིག་འགྲོ་བ་རྣམས་སུ་འཁོར།། སྲོག་ཆགས་གང་ཞིག
246b3 རྡུལ་ཕྲ་ཕུང་པོའི་ལུས་ནི་ས་སྟེང་འཆི་བའི་ཆེན་མི་ལྷུང་མེད།། རྒྱུད་ཀྱི་རྒྱལ་པོ་སྟོབས་བཅུའི་སྟོབས་དང་ལྡན་པས་སངས་རྒྱས་པ་ཡི་གང་ཞིག་ལམ་བསྟན་པས།། རྒྱལ་བ་སྟོབས་བཅུ་ལྡན་དང་སྟོན་པའི་སྲས་དང
246b4 སངས་རྒྱས་པ་དང་ལྷ་ཀླུ་དྲི་ཟ་ལྷ་མིན་དང་།། ཁྲོ་བོ་སྲིན་པོ་ཤ་ཡི་ངོ་མཆོག་ཅན་དང་སྟག་གཟིག་རྣམས་དང་མུ་སྟེགས་སྤྱོད་པ་རྣམས།། དེ་ཀུན་ཤམ་བྷ་ལ་ཞེས་བྱ་བར་རྒྱལ་མཆོག་བཞུགས་གནས་དེར་མི་ཉི་མ་བདག་གིས
246b5 བསྟན།། དཔལ་ལྡན་འབྲས་ཕུང་ཆོས་ཀྱི་དབྱིངས་སུ་སྟོབས་བཅུ་མངའ་བས་གང་ཞིག་བདུད་རྣམས་བཏུལ་མཛད་པ།། དེ་ཀུན་ཤམ་པཱ་ལ་ཡི་དཔལ་ལྡན་ཀ་ལཱ་པ་ཡི་སྐྱེད་མོས་ཚལ་གྱི་དུས་འཁོར་གྱི།། དོན་ཆེན་གསེར་གྱི་དཀྱིལ
246b6 འཁོར་ཁང་པའི་སྒོ་ཡི་ཕྱི་རོལ་ཐུབ་པ་ཉི་མའི་ཤིང་རྟས་དྲིས།། དཔལ་ལྡན་འཇམ་དབྱངས་རིན་ཆེན་སེང་གེའི་ཁྲི་ལ་བཞུགས་པ་སྟོབས་བཅུ་མངའ་བའི་མཛད་སྤྱོད་གསུངས།། དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས
246b7 ཕྱུང་བའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ཞེས་བྱ་བ་རྫོགས་སོ།། ། ལོ་ཙ་བ་ཤཱཀྱའི་དགེ་སློང་གཉན་ཆུང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
iiif viewer powered by OpenSeadragon
246a - 247a