| | e-texts navigator
|
226a1 ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་ངར་གྱིས་དོན་གྱི་ཆལ་ལེགས་པར་དཔྱད་ཅིང་བསྐུལ་ཏེ། ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོང་བའི་བསྟན་བཅོས་རིག་པའི་དགེ་སློང་།།
226a2 ཤོང་སྟོན་གྱིས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་པེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ།། གང་གིས་ཐུགས་དགོངས་རྣམ་པར་དག
226a3 པ་ཡིས།། འདི་ལ་བསྐུལ་ཞིང་མཐུན་རྐྱེན་བསྒྲུབས་པ་དང་།། བདག་གིས་འབད་ལས་བསོད་ནམས་གང་ཐོབ་དེས།། ཀུན་གྱིས་འདི་རྟོགས་སངས་རྒྱས་སར་གནས་ཤོག།
226a4 རྒྱ་གར་སྐད་དུ། ཤྲཱི་ཀ་ལ་ཙཀྲ་ཨུཏྟ་ར་ཏནྟྲ་རཱ་ཛ་ཏནྟྲ་ཧྲིད་ཡ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོའི་ཕྱི་མ་རྒྱུད་ཀྱི་སྙིང་པོ་ཞེས
226a5 བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། འདི་ལྟར་ཆོས་དབྱིངས་དཀྱིལ་འཁོར་དྲི་མེད་སྐུ་ལ་འཇམ་དཔལ་གྱིས་ནི་དགེ་དང་མི་དགེ་བས།། སངས་རྒྱས་པ་དང་མུ་སྟེགས་པ་དག་ལྷ
226a6 རྣམས་དང་ནི་དམྱལ་བ་ཉིད་ཅེས་གང་ཐོབ་པ།། རྒྱལ་མཆོག་ཕོ་བྲང་ཤམ་བཱ་ལར་གྲགས་ཀ་ལཱ་པ་རུ་ངག་གི་དབང་ཕྱུག་སེང་གེ་ཡི།། གདན་ལ་བཞུགས་ནས་རྒྱལ་པོས་རྒྱུད་ཀྱི་རྒྱལ་པོ་སླར་ཡང
226a7 ཐུབ་པ་རྣམས་ལ་གསལ་བར་བསྡམ།། བྱུང་གྱུར་ཅེས་སོགས་བདེན་དེ་ལྷ་མཆོག་བླ་མ་ཁྱབ་འཇུག་ལྷ་ཡི་དབང་ཕྱུག་ལྷ་ཡི་དབང་པོ་དང་།། ཟླ་བ་ཉི་མ་སྒྲ་གཅན་མེ་ལྷ་ས་སྟེང་ལྷ་ཡུལ་ནམ་མཁར
iiif viewer powered by OpenSeadragon
225b - 226b