e-texts navigator
Collection
Volume
Page
Wylie

4a1 ན་འདི་མཆོག་ལ།། འབྲས་བུའི་ནང་ན་འདི་མཆོག་གོ།། དེ་ནས་བདེ་བའི་རྐྱེན་གྱུར་པ།། སྲིད་པ་དག་ག་དང་རླུང་དགག་པ།། གནས་ནས་གནས་སུ་རྟེན་བཟུང་སྟེ།
4a2 གཡས་བརྐྱང་བས་ནི་རོམ་དགག། དཔའ་བོ་གཡས་ནས་མཁའ་འགྲོ་གཡོན།། གཡོན་བརྐྱང་བས་ནི་བརྐྱང་མ་སྟེ།། ས་གས་ཀུན་དང་མ་རུ་གཟུང་།། དེ་བཞིན་ཐུབ་པོས་དབུ་མར་གཟུང་།། དེ་དག་ཀུན་གྱི།
4a3 བྱེ་བྲག་ཀྱང་།། དཔའ་བོས་གཡས་དང་གཞན་གྱིས་གཡོན།། དེ་བཞིན་ཀུན་ལ་སྦྱར་བར་བྱ།། གཞན་ཡང་གཟུང་བའི་བྱེ་བྲག་ཀྱང་།། དྲིལ་ཅན་བུ་གུ་དགུ་ལམ་གྱི།། རླུང་རྒྱུ་ཕྱི་རུ་བུས་བྱས་ཏེ།། རྐང་ལག
4a4 དྲུག་ཏུ་བསྒྲིམས་བྱས་ན།། ཟིན་པར་འདི་ལ་ཐེ་ཙོམ་མེད།། དཔའ་བོ་མཁའ་འགྲོ་མ་གཉིས་ཀྱིས།། ཐུན་མོང་དུ་ནི་བྱ་བར་གསུངས།། བཻ་རོ་ཙ་ན་ལས་ཀྱི་རླུང་།། གཞན་ཡང་ལམ་བརྒྱད་རླུང་རྣམས་དག
4a5 དང་པོ་ཉིད་དུ་བསྡམས་བྱས་ན།། ཟིན་པར་འདི་ལ་ཐེ་ཙོམ་མེད།། དབྱེ་བ་བསྡམས་པའི་མན་ངག་གོ།། བྱེད་པ་སྤེལ་མར་སོས་གྱུར་ན།། མི་ཟིན་པ་ལ་ཐེ་ཙོམ་མེད།། གནས་གསུམ་དག་ཏུ་ཀྵ་བསམས་ཏེ།
4a6 དབུགས་གསུམ་པ་ཡིས་ཡར་དྲངས་ཏེ།། ལྟེ་བའི་རྐྱེན་ལ་དྲངས་ཀྱང་ཟིན།། འདི་ནི་གང་ཟག་མཆོག་གིས་ཡིན།། མཛེས་པའི་སྤྱི་བོ་དེ་ཉིད་ལ།། ཆེན་དུ་བཀན་དང་ཐུར་དུ་བཀན།། དྲང་པོར་གཡས
4a7 གཡོན་བ་ཙན་ཐབས་ལ།། ཀ་ཏིའི་གཟེར་ནི་བཅན་ཐབས་གཅིག། སྦོམ་པོ་ཁྲ་མོས་མནན་པ་སྟེ།། བླ་མའི་ཞལ་ནས་མ་གྲངས་ན།། ལུས་ཀྱི་ནད་གཞི་ཀུན་ནས་རྩེ།། ཆུ་སྐྱེས་ཆུ་སོ་སྤངས་ལ་སོགས།




iiif viewer powered by OpenSeadragon

3b - 4b

Texts on this page

Ty058-001 - dpal ye shes 'bar ba'i rgyud kyi rgyal po